From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དམ་ཚིག་སེམས་དཔའ
|
Tibetan Definition
|
རང་ཉིད་ལྷར་གསལ་བའི་ལྷའི་སྐུ་དང་དེའི་ས་བོན་གྱི་ཡི་གེ་གཉིས་ཀར་དམ་ཚིག་སེམས་དཔའ་ཟེར། ཡང་ན་སྤྲུལ་སྐུ་རྡོ་རྗེ་སེམས་དཔའམ་སྤྲུལ་སྐུ་རྡོ་རྗེ་འཆང་ལ་དམ་ཚིག་སེམས་དཔའ་ཞེས་བྱའོ། །དེའི་རྒྱུ་མཚན་ནི། དམ་ཚིག་གི་སྐད་དོད་ས་མ་ཡ་ལ་ངེས་ཚིག་གིས་བཤད་པས། ས་མ་ཏི་ཡང་དག་པར་འགྲོ་བ་དང༌། མཱ་ལི་ཏི་འདུ་བ་ལ་འཇུག་པས་ཡེ་ཤེས་པ་རྣམས་ཡང་དག་པར་འགྲོ་བ་དང་འདུ་བའི་གནས་ཡིན་པས་དམ་ཚིག་ཅེས་བྱ་ལ། སེམས་ཅན་གྱི་དོན་ལ་སེམས་པས་ན་སེམས་དཔའོ། །ཡང་ན་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་གདགས་པར་བྱ་བ་ཡིན་པས་ན་སེམས་དཔའ་ཞེས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། མན་སྙེ་ལས། ཡེ་ཤེས་སེམས་དཔའ་ཡང་དག་པར་འགྲོའོ་འདུའོ་ཞེས་པ་དམ་ཚིག་གོ། ཞེས་དང༌། སེམས་ཅན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་དང༌། རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསང་འདུས་བསྐྱེད་རིམ་གྱི་རྣམ་བཤད་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལ་གཞི་བྱས་ཏེ་བཀོད། (བཀའ་བརྒྱུད) དམ་ཚིག་གི་སྐད་དོད་ས་མ་ཡ་མི་འདའ་བའི་དོན་ཏེ། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ལས་མི་འདའ་བར་སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་པའམ། རྟག་ཏུ་བྱང་ཆུབ་ཀྱི་སེམས་དམ་ཚིག་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་སྤྱོད་པའི་ཕྱིར་དམ་ཚིག་སེམས་དཔར་བརྗོད་པར་བྱའོ། །ཞེས་འབྱུང་། འདི་སྐོར་རྒྱས་པར་རྗེའི་སྔགས་རིམ་ཆེན་མོ་༤༢༢ན་ལ་གཟིགས།
|