From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དམངས་རིགས
|
Tibetan Definition
|
<ཤཱུདྲཿ> རྒྱ་གར་གྱི་རིགས་བཞིའི་དམན་ཤོས་ཏེ། ཕ་མ་དང་རྒན་རབས་ལ་མི་བཀུར་ཞིང༌། རྐུ་བ་དང་ལོག་པར་གཡེམ་པ་སོགས་མི་དགེ་བ་ལ་གཙོ་བོར་སྤྱོད་པའི་རིགས་ཤིག་ཡིན་པར་བཤད། ཡང༌། ཞིང་རྨོ་བ་ལ་སོགས་པ་ལས་ངན་པ་ལ་སྦྱོར་བ་དག་ནི་དམངས་རིགས། ཞེས་རིགས་བཞི་པོ་རྣམས་བྱ་བའི་རིགས་མི་འདྲ་བའི་སྒོ་ནས་བཏགས་པར་གསུངས་སོ། །དངུལ་ཆུའི་ཡིག་བསྐུར་རྣམ་གཞག་ལས་ཀྱང༌། ཕྱུགས་ཞིང་འཚོ་སྐྱོང་ལ་མཁས་པའི་དམངས་རིགས། ཞེས་གསུངས་པ་ལྟར་རོ། །
|