From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དམིགས་པའི་གཏད་སོ
|
Tibetan Definition
|
(ཕར་ཕྱིན) 1 དམིགས་ཡུལ། བློ་ངོར་ཐག་བཅད་པའི་དམིགས་ཡུལ། ཞེན་ཡུལ། བདེན་འཛིན་གྱི་དམིགས་པའི་གཏད་སོ་ཞེས་པ་བདེན་འཛིན་གྱིས་གང་ལ་དམིགས་ནས་ཞེན་པའི་ཡུལ་བདེན་གྲུབ་ལ་ཟེར། དེ་མེད་པར་རྟོགས་པ་ལ་དམིགས་པའི་གཏད་སོ་ཞིག་པ་ཞེས་བྱ་སྟེ། ལམ་གཙོ་རྣམ་གསུམ་ལས། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང༌། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །ཞེས་གསུངས་པ་ལྟར་རོ། །2 བློ་རྩེ་གཏད་ཡུལ། ཆ་འཇོག་ས། གཏད་སོ་མེད་པའི་ཞེས་པ་ལྟ་བུ།
|