From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དཱ་རི་ཀ་པ
|
Tibetan Definition
|
གྲུབ་ཆེན་དཱ་རི་ཀ་པ་སྟེ། གྲུབ་ཆེན་ལཱུ་ཡི་པའི་དངོས་སློབ་ཡིན། ཡུལ་ཨོ་ཌི་བི་ཤའི་རྒྱལ་པོ་ཡིན་ཞིང་ལཱུ་ཡི་པས་བཏུལ། ཕྱིས་གྲུབ་པ་བརྙེས་ནས་མཚན་དཱ་རི་ཀ་པར་གྲགས། འདི་གྲུབ་ཆེན་དྲིལ་བུ་པའི་བླ་མའི་གཙོ་བོ་ཡིན། གྲུབ་ཆེན་བརྒྱད་ཅུའི་གསོལ་འདེབས་ལས། རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་མ་དང་དངོས་གྲུབ་བརྙེས། །དཱ་རི་ཀ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །
|