From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དུ་གུ་ལའི་གོས
|
Tibetan Definition
|
(འདུལ་བ) རྩ་ལས་བྱས་པའི་གོས་ཀྱི་རིགས་ཤིག་ལ་ཟེར་ཏེ། རྩའི་རྣམ་པ་ལས་བྱས་པའི་གོས་ནི་དུ་གུ་ལའི་གོས་ཡིན་ཏེ། གཙང་བ་དང་ཡང་བ་བགོས་ན་རང་གི་འདོད་པའི་ལྷ་མཆོད་པ་སྒྲུབ་པར་བྱེད་པ་དེའི་ཕྱིར་དེ་ཡང་མལ་གྱི་གམ་དུ་གཞག་པར་འོས་པ་རིགས་པ་ཡིན་གྱི་ཆེན་པོ་ལ་འོས་པ་མ་ཡིན་ནོ། །ཞེས་འདུལ་བ་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས། ཆོས་གོས་ཀྱི་རྒྱུར་རུང་བའི་གོས་བདུན་གྱི་ནང་དུའང༌། དུ་གུ་ལའི་གོས་ཞེས་སྣང་སྟེ། བལ་གོས། ཤ་ནའི་གོས། ཟར་མའི་གོས། དུ་གུ་ལའི་གོས། རས་བལ་གྱི་གོས། ཀོ་དམ་པའི་གོས། ཉི་འོག་གི་གོས་ཞེས་འདུལ་བ་ལུང་རྣམ་འབྱེད་ལས་གསུངས།
|