From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དུས་མཐའི་སྐད་ཅིག་མ
|
Tibetan Definition
|
དུས་ཀྱི་ཐུང་བའི་མཐར་ཐུག་པ། 1 (དགེ་ལུགས) སྐྱེས་བུ་དར་མ་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ཚོད་ལ་ཆ་དྲུག་ཅུ་རྩ་ལྔར་ཕྱེ་བའི་ཆ་གཅིག་ལ་ཟེར། དཔལ་ལྡན་ཟླ་བའི་བཞི་བརྒྱ་པའི་འགྲེལ་པ་དང༌། ཆོས་མངོན་པའི་གཞུང༌། རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡ་ཀ་རའི་ཐུབ་པ་དགོངས་རྒྱན་སོགས་སུའང་དེ་བཞིན་དུ་གསལ། 2 (བཀའ་རྙིང) སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ལ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་འདའ་བས་དེའི་ཆ་གཅིག་ལ་བཞེད། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་རྩ་བ་ལས། སེ་གོལ་དྲུག་ཅུ་བཞིར་དབྱེའི་ཆ་གཅིག་ནི། །དུས་མཐའི་སྐད་ཅིག་མ་སྟེ། ཞེས་གསུངས་པ་ལྟར་རོ། །
|