From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དུས་འཁོར
|
Tibetan Definition
|
དཔལ་དུས་ཀྱི་འཁོར་ལོའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་ཉེར་བཞི། །རྩ་ཞལ་ནག་ཅིང་གཡས་དམར་གཡོན་དཀར་བ། །རྒྱབ་ཞལ་སེར་ཞིང་མགྲིན་པ་གསུམ་དང་ལྡན། །གཡས་གཡོན་ཕྲག་པ་སྔོ་དམར་དཀར་པོ་དྲུག །དཔུང་པ་སྔོ་དམར་དཀར་པོ་གཉིས་གཉིས་ཏེ། །ཕྱག་ནི་སྔོ་དམར་དཀར་བཞི་བཞི་ཡི། །སོར་མོ་ལྔ་ནི་སེར་དཀར་དམར་ནག་ལྗང༌། །སོར་མོའི་ཚིག་གསུམ་ནག་དམར་དཀར་པོའོ། །གཡས་པ་རྣམས་ན་རྡོ་རྗེ་རལ་གྲི་དང༌། །རྩེ་གསུམ་གྲི་གུག་མེད་མདའ་ལྕགས་ཀྱུ་དང༌། །ཌ་མ་རུ་དང་ཐོ་བ་འཁོར་ལོ་དང༌། །མདུང་དང་དབྱུག་པ་དགྲ་སྟ་གཡོན་རྣམས་ན། །དྲིལ་བུ་ཕུབ་དང་ཁ་ཊཱཾ་ཐོད་ཁྲག་དང༌། །གཞུ་དང་ཞགས་པ་རིན་ཆེན་པད་དཀར་དང༌། །དུང་དང་མེ་ལོང་ལྕགས་སྒྲོགས་ཚངས་མགོ་བསྣམས། །ཞབས་གཡས་དམར་པོ་བརྐྱངས་པས་གདོང་གཅིག་པ། །ལག་པ་བཞི་ཡིས་མེ་ཏོག་མདའ་ལྔ་དང༌། །གཞུ་དང་ཞགས་པ་ལྕགས་ཀྱུ་འཛིན་པ་ཡི། །འདོད་ལྷ་དམར་པོ་མནན་ཅིང་ཞབས་གཡོན་པས། །དཀར་པོ་བསྐུམས་པས་གདོང་གཅིག་ལག་པ་བཞིས། །རྩེ་གསུམ་ཌ་རུ་ཐོད་པ་ཁ་ཊཱཾ་ག །འཛིན་པའི་དྲག་པོ་དཀར་པོ་མནན་པ་ཡི། །ཞབས་མཐིལ་བདུད་དང་དྲག་པོའི་ཆུང་མས་བཏེགས། །རྩ་ཕྱག་གཉིས་ཀྱིས་སྐུ་མདོག་སེར་པོ་ལ། །སེར་དཀར་སྔོ་དམར་ཞལ་བཞི་སྤྱན་གསུམ་པ། །གཡས་ཀྱི་ཕྱག་བཞིས་གྲི་གུག་ལྕགས་ཀྱུ་དང༌། །ཌ་མ་རུ་དང་བགྲང་ཕྲེང་གཡོན་པ་བཞིས། །ཐོད་པ་ཞགས་པ་པད་དཀར་རིན་ཆེན་བསྣམས། །ཕྱག་རྒྱ་ལྔས་བརྒྱན་ཞབས་གཡོན་བརྐྱངས་པ་ཡི། །བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ལ་འཁྱུད། །རྡོ་རྗེའི་རྒྱན་དང་སྟག་པགས་ཤམ་ཐབས་ཅན། །ཟླ་ཉི་སྒྲ་གཅན་དུས་མེའི་གདན་ལ་བཞུགས། །དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། །བཅོམ་ལྡན་དུས་འཁོར་ཡབ་ཡུམ་ལ་ཕྱག་འཚལ། །ༀ་ཨཱ་ཧཱུྃ་ཧོ་ཧཱུྃ་ཧཱུྃ་ཕཊ། སྙིང་པོའོ། །ཞེས་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་ལྷ་མང་པོའི་སྐུ་མདོག་ཕྱག་མཚན་སོགས་གསལ་བར་བཀོད་པ་ལས་བཤད་པ་ལྟར་རོ། །
|