From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དུས་ལ་བབ་པ
|
Tibetan Definition
|
(འདུལ་བ) 1 དུས་ཚོད་ལ་སླེབས་པ། དཔེར་ན་འགྲོ་བའི་དུས་ལ་བབ། ཉལ་བའི་དུས་ལ་བབ་ཞེས་པ་ལྟ་བུ། 2 ཤི་བའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི། མི་ཚེའི་མཐའ་མཇུག་གི་དུས་ཏེ་འཆི་བའི་ལ་སླེབས་ཞེས་པའི་དོན་ཏེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༥ན༤ལས། དུས་ལ་བབ་པོ་ཞེས་བྱ་བ་ནི་ཤི་བ་སྟེ། ཐ་མའི་དུས་ལ་བབ་པའི་ཕྱིར་རོ། །ཞེས་གསུངས།
|