3920

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:54, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དོན་དམ་པའི་དགེ་བ
Tibetan Definition ཁྱོད་ལ་མངོན་སུམ་དུ་དམིགས་ཏེ་བསྒོམས་པས་ཁ་ན་མ་ཐོ་བ་མཐའ་དག་ཟད་པར་ནུས་པའི་དམིགས་པ་མཐར་ཐུག མཚན་གཞི་ནི། ཆོས་ཉིད་དེ་བཞིན་ཉིད་དང་། མྱང་འདས་ལྟ་བུ། སྒྲ་བཤད་ནི། འདི་དོན་དམ་བདེན་པ་ཡིན་པས་དོན་དམ་ཞེས་བྱ་ལ། འདི་འབྲས་བུ་བདེ་བ་བསྐྱེད་པའི་དགེ་བ་མ་ཡིན་ཀྱང་འདི་ལ་དགེ་བ་ཞེས་བརྗོད་པ་ནི། དཔེར་ན་འཇིག་རྟེན་ན་ནད་དང་བྲལ་བ་ལ་ལུས་བདེ་ཟེར་བ་དང་། མྱ་ངན་མེད་པ་ལ་སེམས་བདེ་ཟེར་བ་བཞིན་དུ། འདིར་ཡང་སྡིག་པ་མེད་ཙམ་ལ་དགེ་བ་ཞེས་བཏགས་པའོ། །ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལ་གཞི་བྱས། ཡང་། དམ་པའི་དོན་དུ་གྱུར་པ་དང་། རང་བཞིན་གྱིས་རྣམ་བྱང་ཡིན་པས་དོན་དམ་པའི་དགེ་བ་ཞེས་བྱའོ། །