3940

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:54, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་དཀར་ཆག
Tibetan Definition དགའ་ལྡན་བྱང་རྩེ་བ་ཞོག་པ་དོན་ཡོད་མཁས་གྲུབ་ཀྱི་གསུང་འབུམ་ནི། བླ་མ་མཆོད་པའི་ཟབ་ཁྲིད་རྒྱས་པ། ཡང་བླ་མ་མཆོད་པའི་ཁྲིད་བསྡུས་པ། སྡིག་ལྟུང་བཤགས་ཚུལ། བཀའ་བློན་གཡག་རོང་པ་ཚེ་རིང་དབང་རྒྱལ་གྱིས་ཞུས་པའི་ལམ་གཙོའི་བླ་མའི་རྣལ་འབྱོར། ཡང་དེས་ཞུས་པའི་ལམ་གཙོའི་ཁྲིད་སྨོན་སེམས་འཛིན་ཚུལ། ཡང་དེས་ཞུས་པའི་འཇིགས་བྱེད་བརྒྱུད་འདེབས་སྒྲུབ་ཐབས། ཡང་དེས་ཞུས་པའི་འཇིགས་བྱེད་རྫོགས་རིམ་ཆེན་མོ་དང༌། ཡང་འཇིགས་བྱེད་རྫོགས་རིམ་བསྡུས་པ། བ་སོ་བའི་ཁྲིད་ཡིག་ལྟར་གྱི་དབུ་མའི་ལྟ་ཁྲིད། འཇིགས་བྱེད་ཡུམ་སོགས་དོགས་སེལ་དང་དགེ་སྦྱོར་བྱ་ཚུལ། གསང་འདུས་ཚོགས་འཁོར་བྱ་ཚུལ། འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ལེ་ཚན་བདུན། སྒྲོལ་མའི་སྒྲུབ་ཐབས། ཚེམ་བུ་དམར་ཁྲིད། བླ་མའི་རྣལ་འབྱོར་ལེ་ཚན་བཞི། རི་བོ་དགའ་ལྡན་བླ་བརྒྱུད་ཉམས་མགུར་ཞལ་གདམས་ལེ་ཚན་དྲུག །ཆབ་ཤོག་ལེ་ཚན། བརྟན་བཞུགས་ལེ་ཚན། བྲག་ཡེར་པ། བྲག་སྒོ་མོ། འོལ་ཁ་རྫིང་ཕྱི། བསམ་ཡས་སོགས་གནས་ཆེན་ལ་མཆོད་འབུལ་སྨོན་ཚིག་མི་དབང་ཕོ་ལྷ་བས་བཀའ་བསྟན་ཟུང་པར་དུ་བརྐོས་པའི་སྨོན་ཚིག་སྟག་རྩེ་དཔོན་མོའི་རྟེན་བཞེངས་དཀར་ཆག་མཐོང་བ་དོན་ལྡན། ཞོག་གུར་སྨོན་གྱི་རྟེན་བཞེངས་དཀར་ཆག་དད་པའི་འཇུག་ངོགས། ཚ་བ་མ་ཎི་བླ་མས་ཞུས་པའི་དམིགས་བརྩེ་མའི་རིལ་སྒྲུབ་བཅས་སོ། །