From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དྭངས་པ
|
Tibetan Definition
|
3 གསལ་སྣང་བྱུང་བ་ལ་ཟེར། ཞི་གནས་བསྒྲུབ་སྐབས་དྭངས་པ་ལ་གཉིས་ཏེ། ཡུལ་ཅན་གྱི་དྭངས་པ་ནི། དྲི་མ་མེད་པའི་ཤེལ་གྱི་སྣོད་དུ་ཆུ་གཙང་མས་བཀང་སྟེ། ཉི་འོད་ཀྱིས་ཕོག་པ་ལས་ཀྱང་དྭངས་པའི་མྱོང་ཚོར་བྱུང་བ་ལ་ཟེར། ཡུལ་གྱི་དྭངས་པ་ནི། ཀ་བ་སོགས་ཡུལ་གྱི་རྣམ་པ་ཤར་བ་ན་དེ་དག་གི་རྡུལ་ཕྲ་རབ་ལ་ཐུག་གི་བར་བགྲང་ཐུབ་པའི་ཚོར་སྣང་བྱུང་བ་ལ་ཟེར། དེ་གཉིས་ཀའང་བྱིང་བ་ཕྲ་མོ་ནས་བཅད་པའི་གསལ་ཆའི་ངར་བསྐྱེད་དེ་བསྐྱངས་པ་ལས་འབྱུང་བར་རྗེའི་ལམ་རིམ་དུ་གསུངས།
|