4096

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:54, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ན་ལེ་ཤམ
Tibetan Definition <མ་རི་ཙཾ> 1 ཕོ་བ་རི་ལུའི་མིང་གཞན་ཡིན་པར་བཤད། དེ་ལ་དཀར་ནག་གཉིས་ཡོད། ནག་པོ་དེ་ལ་ཕྱི་རྒྱལ་བས་ཕེཔྤར་ black pepper ཟེར་བར་བཤད། ཡང་བསྟན་དར་ལྷ་རམས་པའི་བརྡ་གསར་སྙིང་གི་སྐོར་ལས། ན་ལེ་ཤམ་ནི་ཕོ་བ་རི་ཟེར་ཡང་བརྟག་ཅེས་ཀྱང་གསུངས་སོ། །ན་ལེ་ཤམ་གྱི་སྐད་དོད་མ་རི་ཙཾ་ཞེས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་༨༤བ༢ན་གསལ། ན་ལེ་ཤམ་ཞེས་པ་ལེགས་སྦྱར་གྱི་སྐད་འདྲ་བ་ཞིག་སྣང་ཡང་མིན་ཏེ། དེ་ནི་ཞང་ཞུང་ཡིན་སྐད་ཡིན་པར། པཎ་ཆེན་ཤཱཀྱ་མཆོག་ལྡན་གསུང་། 2 འབྲས་བུའི་སྨན་ཞིག ཁྱད་པར་བཤེས་གཉེན་གྱི་འདུལ་བ་བསྡུས་པ་ལས། འབྲས་བུའི་སྨན་ནི། སྐྱུ་རུ་ར་དང༌། ཨ་རུ་ར་དང༌། ན་ལེ་ཤམ་དང༌། པི་པི་ལིང་ལ་སོགས་པའོ། །ཞེས་གསུངས་སོ། །