From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་ཁྱད་པར
|
Tibetan Definition
|
བྱེ་བྲག་ཏུ་སྨྲ་བས་རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་བདག་མེད་ཀྱི་ལྟ་བ། མདོ་སྡེ་པས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་ཀྱི་ལྟ་བ། སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱི་ལྟ་བ། དབུ་མ་རང་རྒྱུད་པས་ཆོས་ཐམས་ཅད་ཐ་སྙད་དུ་རང་མཚན་གྱིས་ཡོད་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པའི་ལྟ་བ། དབུ་མ་ཐལ་འགྱུར་བས་ནི་ཆོས་ཐམས་ཅད་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་རྣམས་རང་རང་གི་ལྟ་བའི་གཙོ་བོར་བཞེད་དོ། །གྲུབ་མཐའ་འོག་མ་འོག་མའི་ལྟ་བ་རྣམས་གོང་མ་གོང་མའི་ལམ་སྟེགས་སུ་གསུངས་སོ། །
|