4189

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:55, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ནམས་ཀྱང
Tibetan Definition 2 ནམ་ཡང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་༼ ཙ་པ ༽༢༥༦ན༡ལས། དམན་པའི་སེམས་སུ་མི་འགྱུར་ཞིང་། །དེ་ནི་ནམས་ཀྱང་ཕོངས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །༢༥༧ན༣ལས། དེ་ནི་ཟས་ཀྱང་མི་རྙེད་དེ། །ནམས་ཀྱང་འགྲངས་པར་ཟ་མི་མྱོང་། །ཞེས་གསུངས། ཀླུ་སྒྲུབ་ཀྱི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་༡༦༨བ་ལས་ཀྱང་། ནམས་ཀྱང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བྱང་ཆུབ་སྙིང་པོའི་བར་དུ་ནམ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་པ་སྟེ། ཞེས་གསུངས་སོ། །བཟང་སྤྱོད་སྨོན་ལམ་གྱི་དཔེ་འགར། བྱང་ཆུབ་སེམས་ནི་ནམས་ཀྱང་བརྗེད་མ་གྱུར། །ཞེས་སྣང་ངོ་། །