From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ནལ
|
Tibetan Definition
|
ཁ་དོག་པདྨ་རཱ་ག་དང་འདྲ་བ་ལ་དེ་ལས་སྨུག་ཤས་ཆེ་བའི་མཆིན་པའི་མདོག་ཅན་གྱི་རིན་པོ་ཆེ་ཞིག དྲི་མེད་ཤེལ་ཕྲེང་༩༢ལས། ནལ་གྱིས་དུག་ཚད་སྦྱར་དུག་མཆིན་ནད་སེལ། །ཞེས་པ། རིན་ཆེན་རྙིང་མ་ཁ་དོག་པདྨ་རཱ་ག་དང་འདྲ་བ་ལ་དེ་ལས་སྨུག་ཤས་ཆེ་བས་མཆིན་པའི་མདོག་ཅན་ཏེ། ཀོ་རཉྫའི་མདོག་ལྟ་བུ་སྟེ། དེ་ལས་དྭངས་ཤས་ཆེ་བ་རྒུན་འགྲུམ་གྱི་ཁུ་བ་ལྟར་དམར་ལ་སྨུག་ཅིང་དྭངས་པ་དུང་གི་སྟེང་དུ་བཞག་ན་དུང་ལ་མེའི་མདངས་འོད་སྦྱིན་པ། དབྱིབས་མ་ངེས་ཀྱང་ཤས་ཆེ་གྲུ་བཞི་ལེབ་མོ་གྲུ་མིག་ཅན་འབྱུང་། ཆེ་ཆུང་ནས་འབྲུ་ནས་མཐེ་བོང་ཙམ་བར་ངེས་མེད་འབྱུང་། དེ་ཡང་རིགས་གཉིས་ཏེ། དམར་ལ་དྭངས་པས་མཆིན་ཁྲག་འཇོམས། །སྨུག་ལ་ནོག་པས་དུག་རྙོག་སེལ། །ཞེས་གསུངས་སོ། །ཞེས་བཤད།
|