From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ནཱ་ད
|
Tibetan Definition
|
(ལེགས་སྦྱར) 1 དབང་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་ཤིན་ཏུ་ཕྲ་བའི་ནང་གི་སྒྲའོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང༌། ནཱ་ད་ནི་སྒྲ་དང༌། ཞེས་དང༌། དེ་བཞིན་དུ། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས། དེའི་མཐུས་སྣང་བ་ལྷ་ཡི་འཁོར་ལོར་དེངས། །སྒྲ་གྲགས་རླུང་སྔགས་དབྱེར་མེད་ནཱ་དའི་དབྱངས། །དྲན་རྟོག་བདེ་ཆེན་ཡེ་ཤེས་ཆེན་པོས་ཆུབ། །ཟུང་འཇུག་སྒྱུ་མའི་རྩེ་དགའ་འཛིན་པར་ཤོག། ཅེས་གསུངས་པ་ལྟར་རོ། །བུ་སྟོན་རིན་པོ་ཆེའི་སམྦུ་ཊའི་འགྲེལ་པ་སྙིང་པོའི་དེ་ཁོ་ཉིད་གསལ་བར་བྱེད་པ་༥༧ན༣ལས། སྒྲ་སྟེ་ནཱ་ད་ཞེས་པ་མི་གསལ་བའི་སྒྲ་ཙམ་ནི། ནཱ་ད་སྟེ། དངོས་ནི། ཨ་ཡིག་ཡིན་ལ། དེའི་ཕྱིར་གྱེན་དུ་རི་མོའི་རྣམ་པ་བྲིས་པ་ནི། ནཱ་དར་བརྗོད་དོ། །དེ་ལྟ་བུའི་ནཱ་ད་དེའོ། །ཨིནྡྲ་བྷུ་ཏིས་ཨ་བ་དྷཱུ་ཏིའི་ནང་དུ་རང་རིག་པའི་ཡེ་ཤེས་ནཱ་དར་བཞེད་དོ། །ཞེས་གསུངས། 2 སྟོང་ཉིད་དམ། སྣང་མཆེད་ཐོབ་གསུམ་མཚོན་པའི་རིས་མོ་སུམ་འཁྱོག་ཅན་ཞིག (འཁྱོག་གསུམ་གྱིས་སྣང་མཆེད་ཐོབ་གསུམ་མཚོན་པར་གསུངས) 3 བར་དོའམ་བར་སྲིད་མཚོན་པའི་ཡི་གེ་ཞིག རྗེའི་སྔགས་རིམ་ཆེན་མོ་༤༡༧བ་ལས། ནཱ་ད་ལ་སོགས་པ་བར་སྲིད་ཀྱི་ངོ་བོའི་ཡི་གེ་དཀྱིལ་འཁོར་གཉིས་ཀྱི་བར་དུ་ཞུགས་པ་ནས་མངལ་གྱི་སྐབས་ཡིན་ཏེ་ས་བོན་དང་ཕྱག་མཚན་དང་སྤྲོ་བསྡུའི་བར་དུའོ། །ཞེས་གསུངས། རྗེའི་སྔགས་རིམ་ཆེན་མོ་༤༡༨ན་ལས། དེ་ལ་ནཱ་ད་ནི། ཡི་གེ་གསུམ་བསྡུས་པའི་རང་བཞིན་དུ་བཤད་ལ། ཡི་གེ་གསུམ་ནི། རྒྱས་པ་ཡིན་ཏེ་བར་སྲིད་མཚོན་པ་ལ་འདྲའོ། །ཞེས་གསུངས།
|