From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ནོམ་ཉུག
|
Tibetan Definition
|
(འདུལ་བ) ལག་པས་རེག་ཅིང་འཚོལ་བའི་དོན། སྒྲ་བཤད་ནི། ལན་ཅིག་ལག་པས་རེག་པ་ལ་ནོམ། ཡང་ཡང་རེག་པ་ལ་ཉུག་ཅེས་བྱའོ། །རང་གི་རྣམ་བཤད་ལས། ནོམ་པ་ཞེས་བྱ་བ་ནི་དང་པོར་ལན་ཅིག་ལུས་ལ་སྦྱོར་བ་ཉིད་དོ། །ཉུག་པ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྦྱོར་བའོ། །ཞེས་གསུངས་སོ། །རྗེའི་འདུལ་བ་མདོ་རྩ་བའི་ཟིན་བྲིས་ལས་ཀྱང་དེ་བཞིན་དུ་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༨༦བ༦ལས། ནོམ་པ་ཞེས་བྱ་བ་ནི་ཅུང་ཞིག་རེག་པའོ། །ཉུག་པ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་ཀྱིས་རེག་པའོ། །ཞེས་ཀྱང་གསུངས་སོ། །
|