From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
པགས་པ་དང་ལྤགས་པའི་ཁྱད་པར
|
Tibetan Definition
|
དེ་གཉིས་ནི་དོན་གཅིག་ཡིན་ཀྱང་འབྲི་བའི་ཚེ་ཁྱད་པར་ནི། དག་ཡིག་འགའ་ལས། པགས་པ་སྟག་གི་པགས་པ་ཞེས། །གཞི་དང་མ་འབྲེལ་བ་དང་ནི། །དྲུག་སྒྲ་ཡོད་སོགས་པ་རྐྱང་ངོ༌། །ཞེས་གསུངས་པ་ལྟར་ཏེ། དཔེར་ན་གཞི་དང་མ་འབྲེལ་བ་ལ། པགས་པ་ཞེས་འབྲི་དགོས་ལ། འབྲེལ་སྒྲ་ཡོད་པ་སྟག་གི་པགས་པ་ཞེས་པ་ལྟ་བུར། པ་རྐྱང་ཐོབ་བོ་ཞེས་པའོ། །གཞི་དང་འབྲེལ་བ་ལྤགས་ནད་ལྟ་བུར་ལ་མགོ་སྦྱོར་དགོས་པ་དང༌། དྲུག་སྒྲ་མེད་པ་སྟག་ལྤགས་གཟིག་ལྤགས་ལྟ་བུར་ཡང་ལ་མགོ་སྦྱོར་དགོས་སོ། །
|