4308

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:55, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
པད་ཀོར
Tibetan Definition ལག་པའི་ཕྱག་རྒྱ་ཞིག་སྟེ། ལག་པ་མེ་ཏོག་པདྨའི་དབྱིབས་ལྟར་ཟླུམ་པོར་སྐོར་བའི་ཕྱག་རྒྱ་ཞིག་གོ། སྒྲ་བཤད་ནི། པད་ནི་མེ་ཏོག་པདྨ་དང༌། ཀོར་ནི་སྐོར་བ་སྟེ་ཟླུམ་པོ་ལ་འཇུག དག་ཡིག་ངག་སྒྲོན་ལས། ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང༌། །པད་ཀོར་ཐན་ཀོར་འོད་ཀོར་ཕྲེང༌། །ཞེས་གསུངས་པ་ལྟར་རོ། །ཀོར་ནི་འཁོར་ལའང་འཇུག་སྟེ། དཔེར་ན་ཉེ་འཁོར་ལ་ཉེན་ཀོར་ཞེས་པ་ལྟ་བུ། སི་ཏུ་འགྲེལ་ཆེན་ལས། ཀླད་ཀོར་དང༌། སྟོད་ཀོར་དང༌། པད་ཀོར་སོགས་ཀྱང་སྐོར་བའི་དོན་ལ། སྔ་མའི་རྗེས་འཇུག་གི་དབང་ལས་ས་མགོ་མོ་ཡིག་ཡིན་པས་ཕྱིས་པ་སྟེ་སྐོར་བའི་སྐད་དོད་ཡོད་མེད་རྩད་གཅོད་མི་དགོས་ཤིང་ཐོ་སྐོར་ཉེ་སྐོར་སོགས་ལ་ས་མགོ་ངེས་པར་སྦྱར་དགོས་པ་ལྟ་བུའང་གོ་བར་བྱའོ། །ཞེས་གསུངས་སོ། །