From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| པར་ཐང་ཁྲ་བོ
|
| Tibetan Definition
|
(འདུལ་བ) ཁ་དོག་གི་ཆ་ནས་དགེ་སློང་གིས་འཆང་དུ་མི་རུང་བའི་སྟན་གྱི་བྱེ་བྲག་ཅིག་སྟེ། སྐུད་པ་སྣ་བདུན་པས་བཏགས་པའི་གདན་གྲུམ་ཟེ་དང་འདྲ་བ་ཞིག པར་ཐང་ནི་སྟན་གྱི་བྱེ་བྲག་ཅིག་ཡིན་ལ། ཁྲ་བོ་ནི་སྐུད་པ་སྣ་བདུན་པས་བཏགས་པ་ཡིན་པས་དེ་སྐད་ཅེས་བྱ་སྟེ། མཚོ་ཊཱིཀ་ལས། པར་ཐང་ཁྲ་བོ་ནི་སྐུད་པ་སྣ་བདུན་པའོ། །ཞེས་གསུངས། པར་ཐང་ཁྲ་བོ་དེ་ཕལ་ཆེར་པར་སིག་གི་ཡུལ་ནས་ཐོན་པའི་གྲུམ་གདན་ནམ་ས་གདན་ཁྲ་བོ་དག་ལ་ཟེར་བ་ཡིན་ནམ་སྙམ། མདོ་རྩ་བ་ལས་ཀྱང༌། པར་སིག་གི་ལྭ་བ་དང་བེའུ་ཕྲུགས་དང་པར་ཐང་ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ། །ཞེས་གསུངས་སོ། །པར་སིག་ལ་གཟིགས།
|