From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
པར་དཔར་སྤར
|
Tibetan Definition
|
(བརྡ་སྤྲོད) ཡིག་གཟུགས་དང་རི་མོ་སོགས་ཤིང་སོགས་ཀྱི་སྟེང་དུ་བརྐོས་པའི་རིགས་ལ་དཔར་ཟེར། དཔེར་ན་ཤིང་དཔར་དང་། རྡོ་དཔར་ཟེར་བས་མཚོན་ནོ། །འདི་ལ་པར་དང་དཔར་སྤར་བཅས་འབྲི་ཚུལ་མི་འདྲ་བ་གསུམ་འབྱུང་ཞིང་། མཁས་དབང་ཚེ་ཏན་ཞབས་དྲུང་གིས། པར་ཞེས་འབྲི་བ་དག་པ་ལྟ་བུར་གསུངས་ཏེ། ཁ་ཅིག་སྤར་ཞེས་འབྲི་བ་ནི་ནོར་བར་སྨྲ་རྒྱན་ལས་གསུངས་ཤིང་། དཔར་ཞེས་འབྲི་བའང་ཡོད་དོ། །ཞེས་གསུངས་སོ། །པར་ཞེས་བྲིས་ན་ཚིག་གྲོགས་དང་བདག་སྒྲ་སོགས་སུ་ནོར་གྱིས་དོགས་ནས། དཔར་ཞེས་བྲིས་ཤིང་། འགའ་ཞིག་གིས། དེ་ཡང་མི་མཛེས་པས་སྤར་ཞེས་བྲིས་པར་སེམས་ཀྱང་རྒྱུ་མཚན་ཆེར་མ་མཐོང་ངོ་། །རིགས་པས་བརྟགས་ན་ཐོག་མར་པར་ཞེས་བྲིས། དེ་ནས་དེ་ལ་གོང་དུ་བཤད་པ་ལྟར་སྐྱོན་མཐོང་ནས་དཔར་བྲིས། དེའང་བློར་མ་ཕབ་ནས་སྤར་ཞེས་བྲིས་པར་ངེས་སོ། །
|