4376

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:56, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
པུ་ཤེལ་ཙེ
Tibetan Definition (འདུལ་བ) <བི་ར་ཎ> གཙང་པོའི་འགྲམ་དུ་སྐྱེས་པའི་མཁྲེགས་ལ་དྲི་ཞིམ་པའི་སྨན་རྩྭ་ཞིག་གི་མིང་། ལེགས་སྦྱར་དུ་འདི་ལ་བི་ར་ཎ་ཟེར་བར་སྙམ། སྔོན་དགེ་སློང་མ་རྣམས་ཀྱིས་རྩྭ་པུ་ཤེལ་ཙེའི་ཆུན་པོའི་རྩ་བས་སྐྲ་ཤད་བྱས་ཏེ་སྐྲ་འཆོས་པ་ན་སྟོན་བཅོམ་ལྡན་འདས་ཀྱིས་སྐྲ་ལ་ཆགས་པ་སྐྱེ་བའི་རྐྱེན་དུ་གཟིགས་ནས་དེ་ལ་ལྟུང་བྱེད་དུ་བཅས་པ་ཡིན་ཏེ། མའི་རྣམ་འབྱེད་༼ ཏ ༽༣༡༢ན༧ལས། དགེ་སློང་མས་གང་པུ་ཤེལ་ཙེས་སྐྲ་བྱི་དོར་བྱེད་ན་ལྟུང་བྱེད་དོ། །ཞེས་སོགས་ནས། པུ་ཤེལ་ཙེས་ཞེས་བྱ་བ་ནི་བི་ར་ཎའི་རྩ་བས་སོ། །སྐྲའི་བྱི་དོར་བྱེད་ན་ཞེས་བྱ་བ་ནི་མགོའི་སྐྲ་འཆོས་ནའོ། །ཞེས་གསུངས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། རྩྭ་པུ་ཤེལ་ཙེ་ལ་སོགས་པ་ལས་བྱས་པའི་ཁྲེས་པོ་ནི་བཤད་སྤྱད་དོ། །ཞེས་གསུངས། གོང་གི་ལུང་དེ་དག་གི་དོན་ནི། དཔེར་ན་རྩྭ་ཀུ་ཤ་མང་པོ་མཉམ་དུ་བསྡམས་ནས་དེའི་རྩ་བས་སྐྲ་ཤད་བཟོས་པ་ལྟ་བུའི་དོན་ཡིན་ནོ། །འདི་སྨན་རྩྭ་ཡིན་ཚུལ་ནི། སྨན་གཞུང་ལས། པུ་ཤེལ་སྐྱུགས་གཅོད་བད་ཀན་ཚ་བ་སེལ། ཞེས་གསུངས། མིང་གི་རྣམ་གྲངས་ནི། ཨུ་ཤི་ར། མརྨཱུ་ལ། རྩྭ་ག་པུར། བ་ལ་བཅས་ཟེར་རོ། །