From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
པུར་རྒྱལ
|
Tibetan Definition
|
པུར་རྒྱལནི་མེས་རྒྱལ་ཏེ། 1 ཕ་མེས་ཀྱི་རྒྱལ་ཁབ། བོད་ཀྱི་ཡུལ། གནའ་རབས་ཀྱི་དུས་སུ་བོད་ཀྱི་མིང་ལ་པུར་རྒྱལ་ཟེར། པུར་རྒྱལ། པུ་རྒྱལ། སྤུར་རྒྱལ་རྣམས་དོན་འདྲ། དེབ་སྔོན་སྟོད་ཆ་༦༠ལས། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཡུལ་འདི་ལ་སྔོན་མིང་པུ་རྒྱལ་ཞེས་ཟེར་ལ། ཕྱིས་བོད་ཅེས་བྱ་བ་འཆད་པ་ཡང་སློབ་དཔོན་ཤེས་རབ་གོ་ཆའི་གསུང་དང་སྦྱར་ན་འབྱོར་རོ། །ཞེས་གསུངས་པ་ལྟར་རོ། །2 ཕ་མེས་ཀྱི་རྒྱལ་པོ། བོད་ཀྱི་རྒྱལ་པོ། སྒྲ་བཤད་ནི།པུརནི་ལེགས་སྦྱར་གྱི་ पूर्व པཱུརྦའམ་པཱུར་ཝཞེས་པའི་ཚིག་བསྡུས་པ་ཡིན་ལ། དེ་ནི་རྙིང་པ། སྔོན། གནའ། མེས་སོགས་ལ་འཇུག་པས། དེས་ན་པུར་རྒྱལནི་མེས་རྒྱལ་ཞེས་པ་སྟེ། འདི་ལ་གོ་རྒྱུ་གཉིས་ཡོད། ཕ་མེས་ཀྱི་རྒྱལ་ཁབ་ཅེས་པ་དང་། ཕ་མེས་ཀྱི་རྒྱལ་པོ་ཞེས་པའི་གོ་དོན་གཉིས་ཡོད་པར་འདོད་དོ། །དཔེར་ན་ལེགས་སྦྱར་ལ་པཱུརཝ་པུརུཥཿ पूर्वपुरुषः ancestor ཞེས་པ་སྔོན་གྱི་སྐྱེས་བུའམ་མེས་པོའི་དོན་ཡིན་པ་བཞིན་ནོ། །ཡང་ན། པུར་རྒྱལ་ཞེས་པ་བོད་རྒྱལ་ཞེས་པ་ཟུར་ཉམས་པར་སེམས་ཏེ། དཔེར་ན་བོད་རིགས་ལ་པོ་རིགས་ཞེས་དེང་སང་ཡང་ལ་དྭགས་པ་རྣམས་ཀྱིས་འབོད་པ་བཞིན་ནོ། །དེས་ན་དེ་ལྟར་བྱས་ཚེ། པུར་རྒྱལ། པོ་རྒྱལ། བོད་རྒྱལ་རྣམས་དོན་འདྲ་བར་སེམས་སོ། །ཡང་འགའ་ཞིག་གིས། པུར་ནི་པོ་པོ་ཞེས་པའི་ཚིག་དེ་ལས་བྱུང་བ་དང་། ཡང་གཞན་དག་གིས། གཉའ་ཁྲི་སྤོ་བོའི་ཡུལ་ནས་ཕེབས་པས་སྤོ་རྒྱལ་ཟེར་བ་ཡིན་སོགས་བཤད་ཚུལ་མང་། པུར་རྒྱལ་གྱི་གོ་དོན་ལ། ༡ ༽ བོད་རྒྱ་ཚིག་མཛོད་ཆེན་མོར། སྔར་བོད་ཡུལ་གྱི་མིང་ཞེས་གསལ། ༢ ༽དག་གསར་ལས། བོད་རིགས་ས་ཆའམ་བོད་རིགས་ལ་གནའ་དུས་སུ་པུར་རྒྱལ་ཞེས་བྱ་ཞེས་འབྱུང་། ༣ ༽དུང་དཀར་ཚིག་མཛོད་ལས། འདི་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་། བོད་ཀྱི་བཙན་པོ་གྲི་གུམ་གྱི་སྲས་བྱ་ཁྲིས་བློན་པོ་ལོ་ངམ་བཏུལ་ནས་བོད་ཀྱི་སྲིད་དབང་བཟུང་རྗེས་མཚན་ལ་པུ་དེ་གུང་རྒྱལ་དུ་ཐོགས་པ་དང་། ཁོང་གི་མངའ་འོག་ཏུ་ཡོད་པའི་ས་ཆ་རྣམས་ལ་སྤུར་རྒྱལ་བོད་ཅེས་འབོད་པ་ཡིན་ནམ་བརྟག ཅེས་གསུངས།
|