4399

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:56, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
པྲ་ཀྲྀ་ཏ
Tibetan Definition ཡུལ་མི་རང་བཞིན་པའི་སྐད། སི་ཏུ་འགྲེལ་ཆེན་ལས། པྲཱ་ཀྲྀ་ཏ་ཞེས་པ་ཕལ་བ་ལ་འཇུག་པས། རྒྱ་གར་གྱི་ཡུལ་འཁོར་ཆེན་པོར་གྲགས་པའི་ཕལ་སྐད་བཞིན་དུ། བོད་ཡུལ་གྱི་ཕལ་སྐད་དམ་རང་བཞིན་གྱི་སྐད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །མང་པོས། པཱ་ལི་ཟེར་བ་འདི་པྲ་ཀྲྀ་ཏ་ཟུར་ཆག་པ་ཡིན་ཟེར། ས་པཎ་གྱི་སྐྱེས་བུ་དམ་པ་རྣམས་ལ་སྤྲིང་བའི་ཡི་གེ་ཞེས་བྱ་བ་༢བ༢ལས། ཉན་ཐོས་ལ་རྩ་བའི་སྡེ་བཞི་ནི། སཾ་སྐྲྀ་ཏ་དང་། པྲ་ཀྲྀ་ཏ་དང་། ཨ་བ་བྷྲཾ་ཤ་དང་། པི་ཤཱ་ཙི་ཀ་ཞེས་བྱ་བ་སྐད་རིགས་བཞི་གསུངས། ཞེས་གསུངས་སོ། །