4423

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:56, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕ་མའི་མདོ
Tibetan Definition རྒྱ་གར་སྐད་དུ། པི་ཏྲ་མཱ་ཏྲ་སཱུ་ཏྲ། བོད་སྐད་དུ། ཕ་མའི་མདོ། མདོ་སྡེ་༼ས་པ༽ ༡༦༩ན༤ན་བཞུགས་སོ། །མདོ་དེ་ཉིད་ལས། ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་ (སྣུམ་སོགས་ཀྱིས) བསྐུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་ཆ་སྙན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་འགྱུར་ལ། །ཤི་ནའང་མཐོ་རིས་ (ལྷའི་ཡུལ་དུ) འགྲོ་བར་འགྱུར།། ཞེས་སོགས་གསུངས་སོ། །ཀླུ་སྒྲུབ་ཀྱི་བཤེས་སྤྲིང་༼ངེ༽ ༤༡ན༣ལས། གང་ལ་ཕ་དང་མ་དག་མཆོད་བྱེད་པའི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས།།དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །ཞེས་གསུངས་སོ། །