4462

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:56, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕམ་འདྲ
Tibetan Definition (འདུལ་བ) རབ་བྱུང་བསྙེན་པར་མ་རྫོགས་པས་མི་ཚངས་སྤྱོད་སོགས་རྩ་བ་བཞིའི་གཞི་ལ་ཞུགས་པའི་ལྟུང་བའོ། །འདི་ལ་ཕམ་འདྲའི་ཉེས་བྱས་ཟེར། དཔེར་ན་དགེ་ཚུལ་གྱིས་མི་ཚངས་པར་སྤྱོད་པའི་གཞི་ལ་ཞུགས་པའི་ལྟུང་བ་ལྟ་བུ། སྒྲ་བཤད་ནི། བྱེད་ལས་ཕམ་པ་དང་འདྲ་ལ་སྡེ་ཚན་ཉེས་བྱས་སུ་གཏོགས་པས་དེ་སྐད་ཅེས་བྱ། དགེ་ཚུལ་སོགས་རབ་ཏུ་བྱུང་བ་རྣམ་པ་གསུམ་ནི། བསྟན་པ་ལ་ཞུགས་པ་མ་རྫོགས་པས་ལྟུང་བ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་དོ། །བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་༧༣བ༣ལས། དགེ་ཚུལ་ཕ་མ་དང་དགེ་སློབ་མའི་ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་མཚན་ནི། རབ་ཏུ་བྱུང་ལ་བསྙེན་པར་མ་རྫོགས་པའི་རྟེན་ལ་ལྷག་མ་མེད་ཀྱི་ལྟུང་བར་བཅས་པ་རྫོགས་པའོ། །ཞེས་གསུངས་པ་ལྟར་རོ། །འདིའི་ལྷག་མེད་ཅེས་པ་ལྟུང་བ་མཐར་ཐུག་སྟེ་ཕམ་འདྲ་ལ་ཟེར། འདི་གཙོ་བོར་ཕམ་པ་ལ་གོའོ། །