4544

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:57, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕོ་མོ་མ་ནིང་སོགས་ཀྱི་ཡི་གེ
Tibetan Definition ཕོ་དང་མ་ནིང་མོ་སོགས་ཀྱི་ཡི་གེ་དང་དེའི་ཁྱད་པར་ནི། དཀའ་གནད་གསལ་བའི་མེ་ལོང་ལས། ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་པ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་སྟེ། །ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་གསུངས་པ་ལྟར་རོ། །ཡི་གེ་དེ་དག་ཕོ་མོ་མ་ནིང་སོགས་སུ་བཞག་པའི་རྒྱུ་མཚན་གང་ཡིན་ཞེ་ན། སི་ཏུ་འགྲེལ་ཆེན་ལས། འདིར་མིང་གཞིའི་ཡི་གེ་རྣམས་ཕོ་ལ་སོགས་པར་རྒྱུ་མཚན་གང་གི་སྒོ་ནས་བཞག་པའང་འདི་ལྟར་ཤེས་དགོས་ཏེ། ཡི་གེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་སོ་མཆུ་རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་ཤུགས་ཆེ་བའམ་གྲིམས་པ་རྣམས་ཕོ་ཡིག་དང་། རན་པ་རྣམས་མ་ནིང་དང་། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང་། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང་། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དུ་བཞག་པའོ། །དེས་ན་ཨ་ཡིག་རྩོལ་བ་ཤིན་ཏུ་ལྷོད་པའི་སྒོ་ནས་མོ་གཤམ་ཏུ་བཞག་མོད་ཀྱི་ར་ལ་ཧ་གསུམ་ལྟོས་པའི་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར་མཚན་མེད་དུའང་བཞག་གོ། ཞེས་གསུངས་པ་ལྟར་རོ། །དེས་ན་ཕོ་དང་མ་ནིང་མོ་སོགས་ཀྱི་ཁྱད་པར་ནི། རྩོལ་བ་ཤུགས་ཆེ་ཆུང་གི་དབང་གིས་བཞག་པ་ཡིན་གྱི། སྒྲ་གདངས་གི་སྒོ་ནས་བཞག་པ་མིན།