From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཕྱག་རྒྱ
|
Tibetan Definition
|
3 གསང་ཡུམ། གསང་སྔགས་ཀྱི་རྣལ་འབྱོར་པས་བསྟེན་པའི་བུད་མེད། (དགེ་ལུགས) འདུ་བྱ་རྒྱུའི་རིག་མ་ལ་ཕྱག་རྒྱ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ་ཐབས་ཀྱི་རྡོ་རྗེས་དེ་ལྟ་བུའི་ཤེས་རབ་ལ་རྒྱ་གདབ་པར་བྱ་བ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། བརྟག་གཉིས་ལས། རྡོ་རྗེ་འདིས་ནི་གདབ་པ་ཡིས། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་རོ། ། (བཀའ་བརྒྱུད) ཕྱག་རྒྱ་ཞེས་པའི་ངེས་ཚིག་ཀྱང༌། གཉིས་སུ་མེད་པའི་ཡེ་ཤེས་མི་ཕྱེད་པའི་རྡོ་རྗེ་འདིས་ནི་རྒྱས་གདབ་པའི་ཕྱིར་ཕྱག་རྒྱའམ། ཡང་ན་རིགས་ལྔའི་མཚན་ཉིད་ཅན་གྱི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ། ཡུལ་དང་ཡུལ་ཅན་མི་ཕྱེད་པའི་རྡོ་རྗེ་འདིས་ནི། རྣལ་འབྱོར་པའི་རྒྱུད་ལ་རྒྱས་གདབ་པ་ཉིད་ཉམས་སུ་མྱོང་སྟེ། རྒྱུ་མཚན་དེས་ན་ཕྱག་རྒྱ་ཞེས་བྱ་བར་བརྗོད་པར་བྱའོ། །ཞེས་འབྱུང་བ་ལྟར་རོ། །
|