4590

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:59, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕྱག་རྒྱ་གསུམ
Tibetan Definition 2 (ཀློང་རྡོལ་བླ་མ) སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ་དང་གསུམ་མོ། །དེ་ཡང་སྐུ་ཕྱག་རྒྱ་ཆེན་པོ་ནི། ཐ་མལ་གྱི་ལུས་ལ་རྟེན་དང་བརྟེན་པའི་ལྷ་ལ་གསལ་སྣང་དང་ང་རྒྱལ་བརྟན་པོ་ཐོབ་སྟེ། རེག་མཐོང་ལྟ་བུའི་མཚན་མ་བརྟན་པོ་རྙེད་པ་ན། དེ་ལ་སྐུ་ཕྱག་རྒྱ་ཆེན་པོ་ཟེར། སྔགས་ཀྱི་ནུས་པ་རྒྱུད་ལས་བཤད་པ་ལྟར་གྲུབ་ཅིང་ཐ་མལ་གྱི་ངག་རྣམས་འབྱུང་འཇུག་རླུང་གི་གདངས། སྔགས་ཀྱི་རང་སྒྲ་སྒྲོག་པར་རེས་དགའ་གཟིགས་པ་ན། དེ་ལ་གསུང་ཆོས་ཀྱི་ཕྱག་རྒྱ་ཟེར། ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ལ། ཐུགས་དམ་ཚིག་གི་ཕྱག་རྒྱ་ཟེར།