From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཕྱི་མའི་སྣང་ཤས
|
Tibetan Definition
|
ཕྱི་མར་རེ་ལྟོས་ཆ་བའི་བློ་ཤུགས་ཆེན་པོ་སྟེ། ཚེ་འདིར་ཆོས་རྣམ་དག་ཅིག་བྱེད་མ་ཐུབ་ཀྱང་སྐྱེ་བ་ཕྱི་མ་རྣམས་སུ་བྱེད་ཆོག་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་དང་འདྲེས་པའི་བློ་ཤུགས་ཆེན་པོ་ཞིག རྗེའི་ལམ་གཙོ་རྣམ་གསུམ་ལས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཕྱི་མ་ནི་ཚེ་ཕྱི་མ། སྣང་ནི་སྣང་བ་སྟེ་བསམ་བློ་དང་། ཤས་ནི་ཤས་ཆེ་བ་སྟེ་ཤུགས་ཆེ་བའི་དོན་ནོ། །
|