4851

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་གདམས་གཞུང་པ་བ
Tibetan Definition ཇོ་བོ་ཡབ་སྲས་ནས་དགེ་བཤེས་པོ་ཏོ་བ། ཤ་ར་བ་སོགས་ནས་བརྒྱུད་པ་ལ་བཀའ་གདམས་གཞུང་པ་བར་གྲགས། དེའི་རྒྱུ་མཚན། མདོ་སྡེ་རྒྱན་དང་། བྱང་ས། སྐྱེས་རབས་དང་ཚོམས། བསླབ་བཏུས་དང་སྤྱོད་འཇུག་བཅས་གཞུང་དྲུག་གཙོ་ཆེར་གཞིར་བཟུང་ཐོག རིན་ཆེན་ཕྲེང་བ། སློབ་སྤྲིང་། བཤེས་སྤྲིངས་། ཀ་མ་ལ་ཤཱི་ལའི་སྒོམ་རིམ་སོགས་གཞུང་རྒྱ་ཆེན་པོ་དང་སྦྱར་ཏེ་འཆད་ནས་གདུལ་བྱ་བཀྲི་བས་དེ་སྐད་ཅེས་བརྗོད་པ་ཡིན།