4860

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་ཐང་སྡེ་ལྔ
Tibetan Definition བཀའ་ཐང་སྡེ་ལྔ་ནི། སློབ་དཔོན་པད་མ་འབྱུང་གནས་ཀྱིས་གསུངས་པའི་རྒྱལ་པོ་བཀའ་ཐང་། བཙུན་མོ་བཀའ་ཐང་། བློན་པོ་བཀའ་ཐང་། ལོ་པཎ་བཀའ་ཐང་། ལྷ་འདྲེ་བཀའ་ཐང་དང་ལྔའོ། །འདི་རྣམས་ལ་པད་མ་བཀའ་ཐང་ཡང་ཟེར། གཏེར་ཆེན་ཡར་རྗེ་ཨོ་རྒྱན་གླིང་པ་མཆོག་གྲུབ་རྒྱལ་པོས་རབ་བྱུང་བཞི་པའམ་ལྔ་པའི་ནང་། བསམ་ཡས་རྡོའི་མཆོད་རྟེན་ནས་རྒྱལ་པོ་བཀའི་ཐང་ཡིག། ཁམས་གསུམ་ཟངས་ཁང་གླིང་ནས་བཙུན་མོ་བཀའ་ཐང་། ཤེལ་བྲག་ནས་བློན་པོ་བཀའ་ཐང་། དགེ་རྒྱས་བྱེ་མ་གླིང་གི་ལྷ་ཁང་ནས་ལོ་པཎ་བཀའ་ཐང་། བུ་ཚལ་གསེར་ཁང་གླིང་ནས་ལྷ་འདྲེ་བཀའ་ཐང་བཅས་གཏེར་ནས་བཞེས་ཏེ་དར་སྤེལ་མཛད།༼ བཀའ་ཐང་སྡེ་ལྔ་ལས་དང་པོ་རྒྱལ་པོ་བཀའ་ཐང་གི་དཀར་ཆག་ནི༽༡ སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་ཚུལ། ༢ བཅུད་ཀྱི་སེམས་ཅན་ཇི་ལྟར་གྲུབ་ཚུལ། ༣ འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་ཚུལ།༤ བདེ་གཤེགས་རྒྱལ་བ་ཇི་ལྟར་བྱོན་ཚུལ། ༥ ཕྱི་ནང་ཐེག་པ་ཇི་ལྟར་གསུངས་ཚུལ། ༦ ཞུ་དང་སྡུད་པོ་ཇི་ལྟར་བྱོན་ཚུལ། (ཞུས་དང་སྡུད་པ་ཇི་ལྟར་བྱོན་པ) ༧ བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་ཚུལ། (བོད་དུ་ཆོས་རྒྱལ་ཇི་ལྟར་བྱོན་པའི་ལེའུ) ༨ ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་ཚུལ། ༩ བོད་དུ་དམ་ཆོས་ཇི་ལྟར་དར་ཚུལ། ༡༠ སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་ཚུལ། ༡༡ རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ། ༡༢ རྒྱལ་བརྒྱུད་གཙུག་ལག་ཁང་ཆེན་བརྩིགས་ཚུལ། ༡༣ སྲོང་གི་བང་སོ་ཇི་ལྟར་མཆོད་ཚུལ། ༡༤ བཞེངས་པའི་ལྷ་ཁང་ཇི་ལྟར་བཞེངས་པ། ༡༥ བཞུགས་ཀྱི་སྐུ་མཁར་ཇི་ལྟར་བརྩིགས་ཚུལ། ༡༦ བཀའ་ཡི་ནན་ཐག་ཇི་ལྟར་གདམས་པ། ༡༧ རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་ཚུལ། ༡༨ མ་འོངས་རྒྱལ་བརྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ། ༡༩ མཐའ་མའི་དུས་སུ་ཇི་ལྟར་འབྱུང་ཚུལ། ༼གཉིས་པ་བཙུན་མོ་བཀའ་ཐང་གི་དཀར་ཆག༽༡ བསམ་ཡས་འབྱོངས་པ། ༢ སྔགས་པའི་སྔགས་གླུ་སྡེ་བཞི། ༣ རྗེ་ཡི་དགའ་གླུ་བཅུ་གསུམ། ༤ མི་རེས་གླུ་རེ་བླངས་པའི་ཁོག་ཕུབ། ༥ སྤྲུལ་པ་བཀྱེ་བ། ༦ མི་རྣམས་དང་དྲི་བ་དྲིས་ལན་མཛད་པ། ༧ བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་བཻ་རོ་ཙ་ནར་ཆགས་སེམས་སྐྱེས་པ། ༨ བཙུན་མོས་ལྟོ་ལོང་བཏབ་པ། ༩ བཻ་རོ་ཙ་ན་དང་མགར་བ་འཕྲད་པ། ༡༠ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཻ་རོ་ཙ་ན་འཚོལ་དུ་གཤེགས་པ། ༡༡ བཻ་རོ་ཙ་ནས་ཀླུ་བསྒྲུབས་ནས་བཙུན་མོ་ལ་ཙི་ཙི་ཛཱ་ལའི་ནད་བཏང་བ། ༡༢ མོ་མའི་ལུང་འབྲས་ལྟར་བཙུན་མོས་ལྟོ་ལོང་སྐུར་བཏབ་དྲང་པོར་སྨྲ་བར་ཁས་བླངས་པ། ༡༣ ཨུ་རྒྱན་ཆེན་པོའི་སྤྱན་སྔར་བཙུན་མོས་དྲང་པོར་ཞུས་ཤིང། ཨུ་རྒྱན་གྱིས་ལུང་བསྟན་མཛད་ནས་བཻ་རོ་ཙ་ན་ཕྱིར་ལོག་ཏུ་གདན་དྲངས་པ། ༡༤ བཙུན་མོས་བཤགས་པ་ཕུལ་བས་བཻ་རོ་ཙ་ན་ཐུགས་དགྱེས་ཏེ་བཙུན་མོ་ནད་ལས་གྲོལ་བར་མཛད་པ། ༡༥ བཙུན་མོའི་སྒྲིབ་པ་འབྱོངས་སམ་མ་འབྱོངས་བརྟག་པ་མཛད་པ། ༡༦ བཙུན་མོས་སྒྲིབ་སྦྱོངས་ཕྱག་འཚལ་བྱས་པ། ༡༧ བཙུན་མོས་ལྟོ་ལོང་བཏབ་པ་སངས་པ། ༡༨ བཀོད་གཞི་བསྟན་པ། ༡༩ རྒྱལ་པོའི་སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན་བརྟག་པ། ༢༠ ལྷ་ལྕམ་ཁྲོམ་པ་རྒྱན་ལ་བུ་བདུད་སྤྲུལ་སྐྱེས་པ། ༢༡ བུད་མེད་ཀྱི་སྐྱོན་སོགས་དགེ་སྡིག་སྐོར་འགའ་བསྟན་པ། ༢༢ ཨུ་རྒྱན་པདྨས་མངོན་ཤེས་ཀྱིས་འབྱུང་འགྱུར་ལུང་བསྟན་པ། དུང་དཀར་ཚིག་མཛོད་དུ་འདི་ལ་ལེའུ་ཉེར་གཅིག་ཡོད་ཟེར། ༼ བློན་པོ་བཀའ་ཐང་གི་དཀར་ཆག ༽འགོ་བརྗོད། ༡ མི་ཡི་འཆད་ཁུངས་བསྟན་པ། ༢ མིའི་རྒྱལ་པོ་ཇི་ལྟར་བྱོན་བསྟན་པ། ༣ བློན་པོའི་བྱུང་ཁུངས་བཤད་པ། ༤ སྟོང་སྡེའི་དམག་རྟ་དཔྱད་པའི་སྐབས། ༥ ཆོས་ཁྲིམས་བཅས་པའི་སྐབས། ༦ རྒྱལ་ཁྲིམས་བཅས་པའི་སྐབས། ༧ འབངས་ཀྱི་སྤྱི་ཚིས་བཅས་པའི་སྐབས། ༨ ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་རྣམས་བཏུལ་བའི་སྐབས། ༩ མངའ་འོག་བོད་ཀྱི་རྣམ་ཐར་བསྟན་པའི་སྐབས། ༡༠ དྲང་དོན་རིམ་གྱིས་པ་ཡོད་སྨྲ་བའི་སྡེ་པའི་སྐབས། ༡༡ བསྟན་པ་ཅིག་ཅར་བའི་སྐབས། ༡༢ རྩེ་མེན་རིམ་གྱིས་པའི་སྐབས། ༡༣ སྟོན་མུན་ཅིག་ཅར་འཇུག་པའི་སྐབས། ༡༤ བོད་ཀྱི་སྡེ་པ་ལྟ་བ་དབུ་མ་དང་སྤྱོད་པ་ཡོད་སྨྲའི་ལྟ་ཆོས་སྐབས། ༡༥ མི་ཆོས་བསྟན་པའི་སྐབས། ༡༦ སྐུ་གསུམ་གྱིས་གསུངས་པ་ཆོས་ཡིན་པའི་སྐབས། ༡༧ ཆོས་དང་ཆོས་མིན་ཕྱེ་བའི་སྐབས། ༡༨ བསྟན་པའི་གཞི་བཞགས་པའི་སྐབས། ༡༩ བློན་པོའི་ལག་རིས་ཇི་ལྟར་བྱས་པའི་སྐབས། ༢༠ མཆོད་པའི་ཕན་ཡོན་བསྟན་པའི་སྐབས། ༢༡ མ་མཆོད་པའི་ཉེས་དམིགས་བསྟན་པའི་སྐབས། ༢༢ བོན་གཏན་ལ་ཕབ་པའི་སྐབས། ༢༣ རྩིས་གཏན་ལ་ཕབ་པའི་སྐབས། ༢༤ སྨན་གཏན་ལ་ཕབ་པའི་སྐབས། ༢༥ ཆོས་གཏན་ལ་ཕབ་པའི་སྐབས། ༢༦ དུས་གསུམ་མཁྱེན་པས་སྔ་མ་ཅི་ཡིན་དེ་ལྟར་ཤེས་པའི་སྐབས། ༢༧ དུས་གསུམ་མཁྱེན་པས་ད་ལྟ་ཅི་ཡིན་གསུངས་པའི་སྐབས། ༢༨ ཕྱི་མ་ཅི་འགྱུར་བསྟན་པའི་སྐབས། ༢༩ བསྟན་ཞབས་གཏེར་གྱིས་སྐྱོང་བའི་སྐབས། ༣༠ གཏེར་མིན་གཏེར་འདྲ་བསྟན་པའི་སྐབས། དུང་དཀར་ཚིག་མཛོད་དུ་འདི་ལ་ལེའུ་སོ་གཉིས་ཡོད་ཟེར།༼ལོ་པཎ་བཀའ་ཐང་གི་དཀར་ཆག༽༡ ཞུ་བ་པོ་གསུམ་གྱི་ཞུ་དོན་ཉི་ཤུ་པ། ༢ ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་བསྟན་པ། ༣ གཟུགས་མེད་རྣམ་བཞི་བཤད་པ། ༤ གཟུགས་ཁམས་བཤད་པ། ༥ འདོད་ལྷ་རིགས་དྲུག་བསྟན་པ། ༦ ལྷ་མིན་གྱི་རྒྱུ་འབྲས་བཤད་པ། ༧ མི་རྣམས་ཀྱི་རྒྱུ་འབྲས་བཤད་པ། ༨ དུད་འགྲོའི་རྒྱུ་འབྲས་བཤད་པ། ༩ ཡི་དྭགས་ཀྱི་རྒྱུ་འབྲས་བཤད་པ། ༡༠ དམྱལ་བའི་རྒྱུ་འབྲས་བཤད་པ། ༡༡ སྐུ་གསུམ་གྱི་ཞིང་ཁམས་བསྟན་པ། ༡༢ དུས་གསུམ་སངས་རྒྱས་བྱོན་ཚུལ་བསྟན་པ། ༡༣ ཉན་ཐོས་ཕུན་སུམ་ཚོགས་པ་བསྟན་པ། ༡༤ རང་རྒྱལ་ཐེག་པའི་ཕུན་སུམ་ཚོགས་པ་བསྟན་པ། ༡༥ བྱང་སེམས་ཐེག་པའི་ཕུན་ཚོགས་བསྟན་པ། ༡༦ བྱ་རྒྱུད་ཀྱི་ཕུན་ཚོགས་བསྟན་པ། ༡༧ སྤྱོད་པའི་རྒྱུད་ཀྱི་ཕུན་ཚོགས་བསྟན་པ། ༡༨ རྣལ་འབྱོར་རྒྱུད་ཀྱི་ཕུན་ཚོགས་བསྟན་པ། ༡༩ མ་ཧཱ་ཡོ་གའི་ཕུན་ཚོགས་བསྟན་པ། ༢༠ ཨ་ནུ་ཡོ་གའི་ཕུན་ཚོགས་བསྟན་པ། ༢༡ ཨ་ཏི་ཡོ་གའི་ཕུན་ཚོགས་བསྟན་པ། ༢༢ སྤྱི་ཏི་ཡོ་གའི་ཕུན་ཚོགས་བསྟན་པ། ༢༣ ཐེག་པའི་ཤན་འབྱེད་བསྟན་པ། ༢༤ རང་རྒྱལ་ཐེག་པ་བསྟན་པ། ༢༥ བྱང་སེམས་ཐེག་པ་བསྟན་པ། ༢༦ ཀྲི་ཡའི་ཐེག་པ་བསྟན་པ། ༢༧ ཡོ་གའི་ཐེག་པ་བསྟན་པ། ༢༨ མ་ཧཱ་ཡོ་གའི་ཐེག་པ་བསྟན་པ། ༢༩ ཨ་ནུ་ཡོ་གའི་ཐེག་པ་བསྟན་པ། ༣༠ ཨ་ཏིའི་ཐེག་པ་བསྟན་པ། ༣༡ སྤྱི་ཏིའི་ཐེག་པ་བསྟན་པ། ༣༢ ཉན་ཐོས་ཀྱི་ཉམས་ལེན་བསྟན་པ། ༣༣ སངས་རྒྱས་བསྟན་པ་དར་ནུབ་བསྟན་པ། ༣༤ མདོར་བསྡུས་གཞི་ལམ་འབྲས་བུ་བསྟན་པ། ༣༥ སེམས་ཀྱི་གནས་ལུགས་བསྟན་པ། མཇུག་བྱང་བཅས་སོ། །༼ ལྷ་འདྲེ་བཀའ་ཐང་གི་དཀར་ཆག ༽༡ འགོ་བརྗོད་དང་འབྲེལ་དམྱལ་བའི་འགྲོ་དོན་མཛད་ཚུལ་བསྟན་པ། ༢ ཡི་དྭགས་ཀྱི་འགྲོ་དོན་མཛད་པ། ༣ དུད་འགྲོའི་འགྲོ་དོན་མཛད་པ། ༤ མིའི་འགྲོ་དོན་མཛད་པ། ༥ ལྷ་མ་ཡིན་གྱི་འགྲོ་དོན་མཛད་པ། ༦ ལྷའི་འགྲོ་དོན་མཛད་པ། ༧ ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཆེ་བ་བཞི་བཅུ། ༨ བལ་མོ་ཤཱཀྱ་དེ་བ་བདུད་ཀྱིས་བསླུས་པ་མ་བསླུས་པ་སོགས།༩ བར་སྣང་གློག་མ་སྤྲིན་གསུམ། ༡༠ བལ་མོ་ཀུན་ས་ཞི་བདུད་ཀྱིས་བསླུས་པ། ༡༡ ལྷ་ལྕམ་ཀུན་ས་ཞི་བདུད་ཀྱིས་ངན་སོང་གནས་སུ་ཁྲིད་པ། ༡༢ ལྷ་ལྕམ་ཀུན་ས་ཞི་བདུད་ཀྱིས་ངན་སོང་གནས་ནས་བཏོན་པ། ༡༣ ལྷ་འདྲེ་གཡུལ་ལོག་པ། ༡༥ བལ་ཡུལ་ཡང་ལེ་ཤོད་དུ་ཕུར་པ་ཕེབས་པས་ལྷ་འདྲེའི་ཞེ་བསྙགས་བྱུང་བ། ༡༥ དམ་ཅན་རྡོ་རྗེ་ལེགས་པ་དམ་ལ་བཏགས་པ། (༢༢ན༦) ༡༦ སྐུ་ལ་ཐང་ལྷ་སོ་ཤ་ཡུ་ཆུང་འབར་གསུམ་དམ་ལ་བཏགས་པ། (༢༨ན༥) ༡༧ འབར་མ་གསུམ་དང་གནོད་སྦྱིན་གཙུག་ན་མེ་འབར་དམ་ལ་བཏགས་པ། (༣༢ན༥) ༡༨ ཀླུ་མལ་གྲོ་གཟི་ཅན་བཏུལ་བ། (༣༤ན༢) ༡༩ ཐེའུ་བྲང་བཏུལ་པ། (༣༦བ༦ནས་དབུ་བཙུགས། མཇུག་༣༩བ༢ན་རྫོགས) ༢༠ ལྷ་འདྲེ་བཏུལ་བ། (༣༩བ༢ན་དབུ་བཙུགས) ༢༡ གནས་པོ་ཟེ་སྔོན་ལ་གཙུག་ལག་ཁང་ལུང་བསྟན་པ། ༢༢ བསྟན་པ་གླིང་ལོག་བྱུང་ཚུལ། ༢༣ བསྟན་ཞབས་གཏེར་སྐྱོང་མཛད་པ། ༢༤ རྒྱ་བོད་དྲིན་ཆེན་གང་ལ་གང་འདུལ་མཛད་པ། དུང་དཀར་ཚིག་མཛོད་དུ་འདིའི་སྐོར་ལ་འདི་ལྟར་གསུངས་ཏེ། བཀའ་ཐང་སྡེ་ལྔ་འདི་གཞི་རྩའི་ཆ་ནས་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དཔྱད་གཞི་མང་པོ་ཡོད་པས་རིན་ཐང་ཆེན་པོ་ཡིན་ཡང་། སྐབས་སྐབས་སུ་ནང་པ་སངས་རྒྱས་པའི་ལྟ་ཚུལ་ཡོངས་གྲགས་དང་མི་མཐུན་པ་ཡང་ཡོད་པས་གཟིགས་པ་པོ་རྣམས་ཀྱིས་འདོར་ལེན་གནང་འོས་གལ་ཆེའི་གནས་སུ་མཐོང་ཞིང་། ཞེས་བཤད་ཡོད་དོ། །