4949

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བག་ལ་ཉལ
Tibetan Definition 1 བག་ཆགས་སམ། ས་བོན་གྱི་མིང་། བདག་འཛིན་ལ་སོགས་པའི་ཉོན་མོངས་པ་རྣམས་མི་མངོན་པར་གྱུར་པ་ཉིད་ལ། ཉོན་མོངས་པའི་བག་ལ་ཉལ་ཟེར་བཞིན་ནོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༧བ༥ལས། བག་ལ་ཉལ་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པའི་ཉོན་མོངས་པ་དེ་དག་ཉིད་བག་ལ་ཉལ་བ་ཡིན་ནོ། །ཞེས་གསུངས་སོ། །