From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བཅིབས་པ
|
Tibetan Definition
|
ཆིབས་པ་དང་འདྲ། རྟ་དྲེལ་སོགས་བཞོན་བྱ་ལ། ཡོངས་གྲགས་སུ་ཆིབས་པ་དང་། བཞོན་པ་ཟེར། སྤྱིར་རྟ་སོགས་བཞོན་བྱ་ལ། ཆིབས་པ་ཞེས་སྐུལ་ཚིག་གིས་མིང་ཚིག་གྲུབ་པ་ལྟ་བུ་ཡིན་མོད། འདུལ་བ་ལུང་གཞི་༼ ང་པ ༽ལས། ལྷ། བཅིབས་པ་བཟང་པོ་བཤམས་ལགས་ཀྱིས། ཞེས་དང་། ཡང་དེའི་འོག་ཏུ། ལྷ། བཅིབས་པ་བཟང་པོ་བཤམས་ལགས་ན། ཞེས་མིང་དེ་འདས་ཚིག་གིས་བཟོས་འདུག འོན་ཀྱང་འདི་ལ། བཅིབ་པར་བྱ་བ་ལ། བཅིབ་པ་ཞེས་ཅིའི་ཕྱིར་མ་བཏགས། དཔེར་ན་བཟའ་བར་བྱ་བ་ལ། བཟའ་བ། བཏུང་བར་བྱ་བ་ལ། བཏུང་བ། ཞེས་སོགས་བྱ་ཚིག་མ་འོངས་པས་གྲུབ་པའི་མིང་ཚིག་མཐའ་ཡས་པ་ཞིག་སི་ཏུ་འགྲེལ་ཆེན་སོགས་བརྡ་སྤྲོད་ཀྱི་གཞུང་རྣམས་སུ་འབྱུང་བ་ལྟར་བྱས་ན་མི་ལེགས་སམ།
|