From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བཅོམ་ལྡན་རིག་རལ
|
Tibetan Definition
|
བཅོམ་ལྡན་རིག་པའི་རལ་གྲི་དང་སྣར་ཐང་ལོ་ཙཱ་བ་ཡང་ཟེར། བཅོམ་ལྡན་རིག་པའི་རལ་གྲི་ནི། ཡུལ་ཕུ་ཐང་བ་ཡིན་པ་ཞིག་བསམ་ཡས་མཆོད་རྟེན་དཀར་པོ་བའི་བཙུན་པ་བྱས། དགའ་བ་གདོང་དུ་དབྱར་ཉི་མ་བརྩོན་འགྲུས་ལ་ཕར་ཕྱིན་སློབ་ཀྱིན་བཞུགས་པའི་ཚེ་མཛེ་ནད་ཀྱི་རྣམ་པར་རྟོག་པ་ཞིག་བྱུང་ནས། སྣར་ཐང་སྐྱོ་སྟོན་པ་ལ་ཁམས་འཆོས་སུ་འོངས་པ་ན། (སྐྱོ་སྟོན་པ་དེ་ནི་ཕྱག་ན་རྡོ་རྗེ་ལ་ཉི་མ་མིག་གིས་མི་མཐོང་བའི་བསྙེན་པ་ལོ་བཅུ་གཅིག་ཏུ་མཛད་པ་ཞིག་ཡིན་པར་བཤད) བཅོམ་ལྡན་རིག་རལ་གྱིས་སྣར་ཐང་གི་ཐེམ་པ་ལ་ཞབས་བཞག་པ། དབུ་ལ་ཉི་མ་ཤར་བ། སྣར་ཐང་གི་ཚོགས་དུང་འབུད་པ་རྣམས་དུས་མཚུངས་སུ་བྱུང་བས་རྟེན་འབྲེལ་བཟང་བར་ཡང་གོ། སྐྱོ་སྟོན་པས་བཀས་བསྐུལ་བ་བཞིན་སྣར་ཐང་ཕྱིའི་གྲོག་ཕུག་ཅིག་ཏུ་རྣམ་ངེས་ཚར་སྟོང་བཤད། དེས་མཛེ་ནད་ལས་ཐར། དེ་ནས་སྣར་ཐང་གི་ཆོས་གྲྭར་བཞུགས་ནས་གཞུང་ཆེན་མོར་སྦྱངས་པ་མཛད་ཅིང་མི་གཡོ་བའི་བསྙེན་པ་ཡང་དུང་ཕྱུར་བཅུ་གསུམ་དུ་བསྐྱལ་བས་ཤེས་རབ་ཀྱི་ནམ་ལངས། ཆོས་སྐྱོང་ཞལ་བཞི་པས་ཀྱང་ཞབས་ཏོག་བསྒྲུབས་ཏེ་བཤད་ཉན་མཛད་པས། སློབ་མ་ཡང་དབུས་པ་བློ་གསལ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་མཁས་པ་མང་པོ་བྱུང་ཞིང་། སྡེ་སྣོད་འཛིན་པའི་སུམ་གཉིས་སྣར་ཐང་དུ་འདུས་པར་གྲགས། བཅོམ་ལྡན་པས་བསྟན་བཅོས་ཀྱང་པུ་སྟི་བཅུ་དྲུག་ཙམ་བརྩམས། བཀའ་བསྟན་གྱི་ཕྱི་མོ་གང་ཡོད་བསྡུས་ཏེ་དཀར་ཆག་ཉི་མའི་འོད་ཟེར་ཞེས་བྱ་བ་འགོད་པར་མཛད། ཁ་བའི་ལྗོངས་འདིར་བཀའ་བསྟན་གྱི་མ་ཕྱི་ནི་བཅོམ་ལྡན་རིག་རལ་དང་། དེའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་གསུམ་གྱིས་འབད་པ་ཆེན་པོས་བསྡུས་པའི་སྣང་ཐང་གི་བཀའ་བསྟན་འདི་ཁོ་ན་ཡིན་པར་དེབ་སྔོན་དུ་གསལ། རྒྱས་པར་དེབ་སྔོན་སྟོད་ཆ་༤༠༩ལ་གཟིགས།
|