5000

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཅོས་མའི་རྣམ་ཐར
Tibetan Definition གཡོ་སྒྱུའི་སྤྱོད་ཚུལ། ངོ་ལྐོག་མི་མཚུངས་པའི་བྱ་སྤྱོད་དམ་རྣམ་འགྱུར། རྫུན་དང་འདྲེས་པའི་བྱ་སྤྱོད་དམ་རྣམ་འགྱུར་བཅས་ཀྱི་དོན། ས་སྐྱ་ལེགས་བཤད་ལས་ཀྱང་། དམན་ལ་སྤྱོད་པ་བཟང་བྱུང་ཡང་། །དེ་ནི་བཅོས་མའི་རྣམ་ཐར་ཡིན། །ཤེས་ལ་ནོར་བུས་ཁ་བསྒྱུར་ཡང་། །ཆུ་དང་འཕྲད་ན་རང་མདོག་བསྟན། །ཞེས་གསུངས་པ་ལྟ་བུའོ། །གཞོན་ནུ་ཟླ་མེད་ཀྱི་རྣམ་ཐར་ལས་ཀྱང་། །ཀྱེ་ཧུད་བག་ཡོད་ངོ་ཚའི་གོས་བྲལ་བ། །ཁྲེལ་འདས་གཅེར་བུར་རྒྱུ་བའི་བློན་འབངས་ཀུན། །གཞོན་ནུ་བྲལ་བས་ནོངས་ཞེས་སྨྲ་ཞིང་ངུ་། །མྱ་ངན་བཅས་ཀྱང་བཅོས་མའི་རྣམ་ཐར་ཡིན།།ཞེས་པ་ལྟ་བུའོ། །