5006

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཏང་བསྲུང་དག་སྤེལ་བཞི
Tibetan Definition བཏང་ཞེས་པས་སྔར་ཡོད་ཀྱི་དགེ་བ་རྣམས་གཞན་ལ་གཏོང་བ་དང༌། བསྲུང་ཞེས་པས་དགེ་བ་འཇོམས་པའི་རྒྱུ་འགྱོད་པ་དང་ཁོང་ཁྲོ་སོགས་བསྲུང་བ་དང༌། དག་ཅེས་པས་དགེ་བ་གསར་དུ་གསོག་པའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་བསགས་ཏེ་དག་པར་བྱེད་པ་དང༌། སྤེལ་ཞེས་པས་དགེ་བ་བགྱིས་པ་ལ་དགའ་བ་བསྒོམ་པ་དང་བསྔོ་བས་རྒྱས་བཏབ་སྟེ་དགེ་རྩ་སྤེལ་བ་བཅས་སོ། །ལུས་དང་ལོངས་སྤྱོད་ལའང་བཏང་བསྲུང་དག་སྤེལ་བཞི་བཞི་སྦྱོར་རྒྱུ་ཡོད་པ་རྗེའི་ལམ་རིམ་ཆེན་མོར་གསུངས་སོ། །