5047

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདུད་བཞི་ཕྲ་རགས
Tibetan Definition ཕུང་པོའི་བདུད་རགས་པ་ནི། ཤ་རུས་མདོས་བཅས་ཀྱི་ད་ལྟའི་རང་རེའི་ཕུང་པོ་རགས་པ་འདིའོ། །ཕུང་པོའི་བདུད་ཕྲ་མོ་ནི། མ་རིག་བག་ཆག་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་བྱུང་བའི་ཡིད་ཀྱི་རང་བཞིན་གྱི་འཕགས་རྒྱུད་ཀྱི་ལུས་སོ། །ཉོན་མོངས་པའི་བདུད་རགས་པ་ནི། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་ལྟ་བུའོ། །ཉོན་མོངས་པའི་བདུད་ཕྲ་མོ་ནི། དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་མོངས་པའི་བག་ཆགས་ལྟ་བུ། འཆི་བདག་གི་བདུད་རགས་པ་ནི། ལས་ཉོན་གྱི་དབང་གིས་འཆི་བ། འཆི་བདག་གི་བདུད་ཕྲ་མོ་ནི། འཕགས་རྒྱུད་ཀྱི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལྟ་བུ། ལྷའི་བུའི་བདུད་རགས་པ་ནི། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་གོ། དེས་མདའ་ལྔ་འཕངས་ཏེ། སྐྱེ་བོ་རྣམས་ཆོས་ཀྱི་ཚུལ་ལ་ཉམས་པར་བྱེད་དོ། །ལྷའི་བུའི་བདུད་ཕྲ་མོ་ནི། བདུད་གཞན་གསུམ་གང་རུང་ལས་མི་འདའ་བར་བྱེད་པའི་རྣམ་གཡེང་ལ་བཤད་དོ། །