From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བདུད་བཞི་བཅོམ
|
Tibetan Definition
|
ཕུང་པོའི་བདུད། འཆི་བདག་གི་བདུད། ཉོན་མོངས་པའི་བདུད། ལྷའི་བུའི་བདུད་དང་བཞི་བཅོམ་པའོ། །བཅོམ་ཚུལ་ནི། ཁ་ཆེའི་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནནྡས་མཛད་པའི་དབུ་མ་ལ་འཇུག་པའི་འགྲེལ་པའི་བཤད་པ་དོན་གསལ་བར་བྱེད་པ་ཞེས་བྱ་བ་སྡེ་དགེ་བསྟན་འགྱུར་༼ ར་པ ༽༤བ༢ལས། དེ་ལ་མི་གནས་པའི་མྱ་ངན་ལས་འདས་པས་ཕུང་པོའི་བདུད་དང་། འཆི་བདག་གི་བདུད་བཅོམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་མོ། །བྱམས་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བདུད་བཅོམ་མོ། །ཞེས་གསུངས་པ་ལྟར་རོ། །
|