From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན
|
Tibetan Definition
|
ཞི་གནས་ཀྱི་མིང༌། ཤིན་སྦྱངས་ཀྱི་བདེ་བས་ཟིན་པས་ན་བདེ། སེམས་གསལ་ཆ་དང་ལྡན་པས་ན་གསལ། རྟོག་དཔྱོད་མི་བྱེད་པར་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་ན་མི་རྟོག་པ་ཞེས་བྱ་སྟེ། འདི་ནི་ལམ་རིམ་ཆེ་ཆུང་དུ་གསུངས་པ་ལ་འཕྲི་སྣོན་ཅུང་ཟད་བགྱིས་ཏེ་བཀོད། དེ་ལ་བློས་མ་བཅོས་པ་དང༌། འཛིན་མེད་ཅེས་བྱ་བའི་མིང་གིས་བཏགས་པ་ཡང་དེ་ཉིད་ལས་གསུངས་སོ། །ཏིང་ངེ་འཛིན་ལ་བདེ་གསལ་མི་རྟོག་པ་ཡིན་མི་དགོས་པ་ནི། འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལྟ་བུ་སྟེ། དེ་ལ་གསལ་བ་དང་མི་རྟོག་པའི་ཆ་ཚང་ཡང་བདེ་བ་མ་ཚང་ངོ༌།། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཁྲུལ་ནས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་སྟོང་ཉིད་རྟོགས་དགོས་སམ་སྙམ་ན་དེ་ནི་ནོར་ཏེ། ལམ་རིམ་ཆུང་ངུར། དེས་ན་དྲན་པ་མེད་པ་དང༌། ཡིད་ལ་མི་བྱེད་པའི་སྒོམ་ལ་བློས་མ་བཅོས་པ་དང༌། འཛིན་མེད་དུ་མིང་བཏགས་པའི་བདེ་གསལ་མི་རྟོག་པ་ལ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་སྟོང་ཉིད་ཀྱི་སྒོམ་ཡིན་མིན་གཉིས་ཡོད་པས་ལེགས་པར་ཕྱེད་པ་ཤིན་ཏུ་གལ་ཆེ་སྟེ། ཞེས་གསུངས་སོ། །
|