5110

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:20, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེན་པ་བཞི
Tibetan Definition སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་དང་བཞིའོ། །རྒྱལ་ཚབ་ཆོས་རྗེའི་ཀུན་བཏུས་དར་ཊཱིཀ་ལས། སེམས་ཞི་བ་ནི་འགོག་བདེན་ཡིན་ལ། དེ་བྱེད་པ་ནི་ལམ་བདེན་དང༌། སེམས་རྒྱུད་རབ་ཏུ་མ་ཞི་བ་ནི་སྡུག་བསྔལ་བདེན་པ་ཡིན་ལ། དེ་བྱེད་པའི་གཙོ་བོ་ནི་ཉོན་མོངས་སོ། །ཞེས་གསུངས་ཏེ་ལེགས་བཤད་བླ་ན་མེད་པར་སྣང་ངོ༌། །ཞེས་རྗེ་གུང་ཐང་པས་ཀྱང་བསྔགས་བརྗོད་མཛད་དོ། །ནད་ལྟ་བུའི་སྡུག་བསྔལ་བདེན་པ། ནད་ཀྱི་གཞི་ལྟ་བུ་ཀུན་འབྱུང་བདེན་པ། ནད་མེད་པ་ལྟ་བུ་འགོག་པའི་བདེན་པ། སྨན་ལྟ་བུ་ནི་ལམ་གྱི་བདེན་པ་དང་སྦྱར་རོ། །ཡང་ན། བུ་ལོན་དང་། དབུལ་བ་དང་། བུ་ལོན་སྦྱངས་པ་དང་། གཏེར་ལྟ་བུ་ཡིན་པས་བདེན་པ་བཞིའོ། །བུ་ལོན་ལྟ་བུ་སྡུག་བསྔལ་གྱི་བདེན་པ་སྟེ། རྟག་ཏུ་ཡིད་མི་བདེ་བའི་གདུང་བ་དང་ལྡན་པས་སོ། །དབུལ་བ་ལྟ་བུ་ནི་ཀུན་འབྱུང་བའི་བདེན་པ་སྟེ། དབུལ་བའི་རྒྱུས་བུ་ལོན་ཆགས་པ་དང་འདྲ་བར་ཀུན་འབྱུང་བའི་རྒྱུས་སྡུག་བསྔལ་སྐྱེད་པའི་ཕྱིར་རོ། །བུ་ལོན་སྦྱངས་པ་ལྟ་བུ་ནི་འགོག་པའི་བདེན་པ་སྟེ། བུ་ལོན་སྦྱངས་ན་བུ་ལོན་གྱི་མི་བདེ་བ་མེད་པ་བཞིན་དུ་སྡུག་བསྔལ་རྣམས་མེད་པའི་ཕྱིར་རོ། །གཏེར་ལྟ་བུ་ནི་ལམ་གྱི་བདེན་པ་སྟེ། གཏེར་བུ་ལོན་སྦྱོང་བའི་རྒྱུར་གྱུར་པ་དང་འདྲ་བར་ལམ་ནི་འགོག་པ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༢༣ ན༡ལས་བཤད་དོ། །སྒྲ་བཤད་ནི། རྗེའི་ལེགས་བཤད་གསེར་ཕྲེང་ལས། དོན་ནི་དེ་བཞིན་གཤེགས་པས་མི་རྟག་སོགས་སུ་ཇི་ལྟར་བསྟན་པ་དེ་ལྟར་དུ་གནས་པས་བདེན་པ་ཞེས་གསུངས་པ་ལྟར་རོ། །