5207

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:20, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཟླས་བརྗོད་ཡན་ལག་བཞི
Tibetan Definition བདག་གི་གཞི། གཞན་གྱི་གཞི། སེམས་ཀྱི་ཡན་ལག སྒྲ་ཡི་ཡན་ལག་སྟེ་བཞིའོ། །བདག་གི་གཞི་ནི། རང་ལྷའི་ང་རྒྱལ་དུ་བྱས་པའོ། །གཞན་གྱི་གཞི་ནི། མདུན་བསྐྱེད་ཀྱི་ལྷ་བསྒོམ་པའོ། །སེམས་ཀྱི་ཡན་ལག་ནི། མདུན་བསྐྱེད་ཀྱི་ཐུགས་ཀར་བཀོད་པའི་ཟླ་བའོ། །དེ་ཡང་ལྷའི་ཐུགས་སམ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རང་བཞིན་ནོ། །སྒྲའི་ཡན་ལག་ནི། ཟླ་བའི་སྟེང་དུ་གང་བཟླ་རྒྱུའི་སྔགས་བཀོད་པའི་སྔགས་ཕྲེང་གདངས་ཅན་དུ་བསམ་པའོ། །དེ་ཡང་བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག །ཅེས་གསུངས་པ་ལྟར་རོ། །སྔགས་རིམ་ཆེན་མོ་སོགས་ལ་གཞི་བྱས་ཏེ་བཀོད།