From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བརྒྱ་ལམ
|
Tibetan Definition
|
2 ལན་འགའ། ནམ་ཞིག གལ་ཏེ། དཀོན་པའི་དཔེ། སྲིད་མཐའ་ཙམ། དཔེར་ན་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པ་ལྟ་བུ། ཡང་སྒྲ་བཤད་ནི། སྐྱེ་བོ་མང་པོ་འགྲོ་བའི་ལམ་པོ་ཆེར་རང་ལ་ནོར་སོགས་རྙེད་པ་ནི་ཤིན་ཏུ་དཀོན་པའམ་སྲིད་མཐའ་ཙམ་ཡིན་པས་དེ་སྐད་ཅེས་བརྗོད་དོ། །
|