5296

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:20, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བརྟད་པ
Tibetan Definition 2 (ཕལ་སྐད་དུ) ཚ་གི་ཚི་གི་ཞེས་པ་དང་དོན་གཅིག མྱུར་བ་མྱུར་བ། མགྱོགས་པོ་མགྱོགས་པོ། རིངས་པ་རིངས་པ། རྟབ་རྟབ་པོ། བྲེལ་བ། བྲེལ་ཟིང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། གཞོགས་སྟེགས་ཞེས་བྱ་བ་ནི་ཧ་ཅང་བརྟད་པར་མི་འཇུག་ཅིང་བཙུན་སྤུ་མ་ཉམས་པར་འཇོ་སྒེག་དང་ཀུན་ཏུ་རྩེ་བ་ལ་སོགས་པ་ལུས་དང་ངག་གི་ལས་སོ། །ཞེས་དང་། འཕྱར་གཡེང་ཞེས་བྱ་བ་ནི། ཤིན་ཏུ་བརྟད་པར་འཇུག་ཅིང་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་རྟལ་བག་བྱེད་པའོ། །ཞེས་འདུལ་བ་ལུང་གཞིའི་འགྲེལ་པ་ལས་གསུངས་སོ། །ཡང་དེ་ཉིད་ལས། མྱུར་མྱུར་བ་ཁོ་ན་ཞེས་བྱ་བ་ནི། རིངས་པ་རིངས་པ་ཁོ་ནར་ཏེ། བརྟད་པའི་ཕྱིར་ཚིག་ལན་གཉིས་སུ་སྨོས་སོ། །ཞེས་གསུངས་པ་ལྟར་རོ། །