5342

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:20, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བརྩལ་བ
Tibetan Definition (བྱེ་འབྲེལ་ལས་ཚིག) 1 རྩོལ་གྱི་འདས་མ་འོངས་ཏེ། འབད་པ་བྱས་པའམ་བྱ་བ། བརྩོན་འགྲུས་བྱས་པའམ་བྱ་བ་བཅས་ཀྱི་དོན། རྩོལ་བ། བརྩལ་བ། བརྩལ་བ། རྩོལ། 2 (འདུལ་བ) (བྱེ་འབྲེལ་ལས་ཚིག) དྲུད་པའམ་མཉེས་པའམ་མཉེ་བ་འཕུར་འཕུར་བཏང་བའམ་གཏང་བ་སོགས་ཀྱི་དོན། འབྱིན་པའི་ལྷག་མའི་ཐད་དུ། རེག་ཅིང་བརྩལ་བས་ཞེས་གསུངས་པ་ལྟ་བུ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༣ན༥ལས། རྩོལ་བར་བྱེད་ཅེས་བྱ་བ་ནི་རེག་པའི་བྱ་བ་འདྲུད་པ་ལ་སོགས་པ་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །རྩོལ་བ་ལ་གཟིགས། 3 (འདུལ་བ) མི་ཚངས་པར་སྤྱོད་པའི་དོན་ལའང་འཇུག ཞིབ་པར་གོང་དུ་རྩོལ་བ་ཞེས་པའི་གོ་དོན་ཐ་མར་གཟིགས།