From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བཤང་བ
|
| Tibetan Definition
|
(མིང་ཚིག) (འདུལ་བ) 1 སྐྱག་པ། དྲི་ཆེན། ཕྱི་ས། སྒྲ་བཤད་ནི། བསལ་བར་བྱ་བའམ་ གཙང་བར་བྱ་བ་ཡིན་པས་ན་དེ་སྐད་ཅེས་བྱའོ། །2 (བྱེད་འབྲེལ་ལས་ཚིག་མ་འོངས) སྐྱག་པ་གཏོང་བའི་དོན། འདི་དུས་གསུམ་སྐུལ་ཚིག་དང་སྦྱར་ནས་བཤད་པ་མ་མཐོང་ཡང་དོན་ལ་ཐོབ་པར་ངེས་ཏེ། བཤང་པ། བཤངས་པ། བཤང་བ། ཤོངས། ལུང་ཞུ་བའི་ཚིག་སྔ་ཕྱི་ལ་བརྟགས་ནས་བཤད་པ་ཡིན་ནོ། །ལུང་ཞུ་བ་༼ པ ༽༣༠༨ན༣ལས། བཤང་བའི་བྱ་གང་ཞེ་ན། དགེ་སློང་གིས་བབ་བབ་ཏུ་བཤང་བར་མི་བྱ། རྩིག་པའི་དྲུང་དུ་མ་ཡིན། ཤིང་གི་དྲུང་དུ་མ་ཡིན། ཤེས་བཞིན་དུ་ཕྱོགས་གཅིག་ཏུ་བཤང་བར་བྱའོ། །དེ་སྟེ་ཕྱི་ཕྱིར་བཤང་པ་ཞིག་ཏུ་གྱུར་ན་བཤང་བའི་གྱོ་མོ་དྲུང་དུ་གཞག་པར་བྱ། ཞེས་གསུངས་པ་ལྟར་རོ། །3 (བྱེད་འབྲེལ་ལས་ཚིག་མ་འོངས) འགགས་པ་བསལ་བའི་དོན། དཔེར་ན་ལྕགས་སྦུབས་བཤང་བ་ཞེས་པ་ལྟ་བུ། གཤོང་བ། བཤངས་པ། བཤང་བ། ཤོངས།
|