5400

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་དགུ་པ། བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་རྙེད་པ་ཟས་ལས་གཞན་པ་དེ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས་སྐུར་བ་བཏབ་པ་དེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཚེ་དད་ལྡན་པ་དག་གིས་བཤེས་ངོར་བྱས་སོ་ཞེས་སྐུར་བ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །སྒྲ་བཤད་ནི། རང་གི་གཉེན་བཤེས་ལ་ཟས་སོགས་ཀྱི་ངོ་ཤེས་བཏང་བ་ལ་བརྟེན་ནས་སྐྱེས་པའི་ལྟུང་བྱེད་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། རྣམ་འབྱེད་འགྲེལ་༼ ཚུ ༽༡༣༤བ༦ ལས། བཤེས་ངོར་བྱས་ཏེ་ཞེས་བྱ་བ་ནི་གང་གི་བཤེས་གང་ཡིན་པའི་གང་ཟག་དེ་ལ་སྟོབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །