From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བསགས་ལ་མ་བྱས་པའི་ལས
|
Tibetan Definition
|
རྐུ་སེམས་ཡོད་ཀྱང་རྐུ་བའི་བྱ་བ་ལ་དངོས་སུ་མ་ཞུགས་པ་ལྟ་བུ་ལ་ཟེར། དཔེར་ན་ལུས་ཀྱི་སྒོ་ནས་བརྐུ་བའི་ཕྱིར་ལམ་དུ་ཞུགས་པ་དང་། སེམས་ཀྱིས་ཀྱང་བརྐུ་བར་བྱའོ་སྙམ་པ་དང་། ངག་གིས་ཀྱང་བརྐུ་བར་བྱའོ་ཞེས་སྨྲས་ཀྱང་། དངོས་སུ་ལས་དེ་མ་བྱས་པ་ལྟ་བུའོ། །དེ་ཡང་ལས་རྣམ་པར་འབྱེད་པ་ཞེས་བྱ་བ། མདོ་༼ ས ༽༢༨༢ན་༣ལས། དེ་ལ་བསགས་ལ་མ་བྱས་པའི་ལས་ཡོད་དེ་དེ་གང་ཞེ་ན། ལས་གང་ལུས་ཀྱིས་ཡོངས་སུ་རྫོགས་པ་བྱས་པ་དེ། སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུ་ཡང་ལས་འདི་བྱའོ་ཞེས་སྨྲས་ལ་དེ་ལ་མ་བྱས་པ་སྟེ། ལས་དེ་ལྟ་བུ་ནི་བསགས་ལ་མ་བྱས་པའོ། །ཞེས་གསུངས་པ་ལྟར་རོ། །
|