From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བསམ་གཏན
|
Tibetan Definition
|
<དྷྱཱ་ན> 1 དམིགས་པ་ལས་གཞན་དུ་མི་གཡེང་བར་གནས་པའི་སེམས་རྩེ་གཅིག་པའི་དགེ་བ། ལམ་རིམ་ཆེ་ཆུང་ན་གསལ། རབ་དབྱེ་ནི། ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་པའི་བསམ་གཏན། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་དང་གསུམ་མོ། །ངེས་ཚིག་ནི། དྷྱེ་སེམས་པ་ལ་བྱས་ནསསེམས་པའམ་དྲན་པ་གཏོད་པར་བྱེད་པས་ན་བསམ་གཏན་ནོ། །སྒྲ་བཤད་ནི། བསམ་པའམ་སེམས་དམིགས་ཡུལ་ལ་གཏན་དུ་གནས་པས་ན་དེ་སྐད་ཅེས་བྱའོ། །བྲ་ཏི་རིན་ཆེན་གྲུབ་ཀྱི་བསྟན་འབར་མའི་རྣམ་བཤད་ལས། བསམ་ཞེས་པ་ནི་དམིགས་པ་ཡིད་ལ་བྱེད་ཅིང་གཏོད་པའི་སེམས་དང༌། གཏན་ཞེས་པ་རྒྱུན་ལ་འཇུག་པས། སེམས་དམིགས་པ་ལ་གཏད་པའི་རྒྱུན་དེ་ཉིད་ལས་མ་གཡེལ་བས་ན་དེ་སྐད་ཅེས་བྱ། ཞེས་གསུངས་པ་ལྟར་རོ། །བསམ་གཏན་གྱི་སྒྲ་བཤད་དང་ངེས་ཚིག་གི་སྐོར་རྒྱས་པ། རྗེ་གུང་ཐང་པའི་བསྟན་འབར་མའི་རྣམ་བཤད་ན་གསལ་བ་ལ་བལྟ་བར་བྱའོ། །2 རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་གི་བསམ་གཏན་ནི། འདོད་ཡོན་རྣམས་བདེ་སྟོང་གིས་རྒྱས་བཏབ་ནས་སྒོམ་པ་ཙམ་དུ་མ་ཟད་ཀྱི་དེ་དག་ལྷར་བསྒོམས་ནས་ལོངས་སྤྱོད་པའི་ལུས་དབེན་ནོ། །རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས། སོར་བསམ་གཉིས་ཀྱི་ཁྱད་པར་ནི། དེ་གཉིས་ཀའང་འདོད་ཡོན་ལ་ལོངས་སྤྱོད་པ་ལམ་དུ་བྱེད་པ་འདྲ་ཡང༌། འདོད་ཡོན་རྣམས་ལྷར་སྒོམ་པ་དང་མི་སྒོམ་པའི་ཁྱད་པར་རོ། །གཞན་ཡང་རྗེའི་རིམ་ལྔ་གསལ་སྒྲོན་ལས། དང་པོར་སོར་སྡུད་ཀྱི་སྐབས་སུ་ཡུལ་དབང་སོགས་ཀྱི་ཆོས་རྣམས་བདེ་སྟོང་གི་རྣམ་འགྱུར་དུ་ལྟ་བ་ལ་བསླབས། དེ་བརྟན་པ་ན་བདེ་སྟོང་གི་རྣམ་འགྱུར་ལྷར་འཆར་བའི་བསམ་གཏན་ལ་བསླབ་བོ། །ཞེས་གསུངས་སོ། །
|