From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བསོད་པ
|
| Tibetan Definition
|
(འདུལ་བ) གསར་པ། ལེགས་པ། བཟང་པོ་བཅས་ལ་འཇུག་པར་བཤད། ལི་གུར་སོགས་ལས་བཤད་དོ། །ཡིད་དུ་འོང་བ་སྟེ་ཞིམ་པོའི་དོན་ལའང་འཇུག་སྟེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༢ན༥ལས། བསོད་པས་ཞེས་བྱ་བ་ནི་ཡིད་དུ་འོང་བས་སོ། །ཞེས་དང་། ༣༥ན༧ལས། ཞིམ་པ་ཞེས་བྱ་བ་ནི་ཡིད་དུ་འོང་བའོ། །ཞེས་གསུངས་པས་སོ། །སོས་པ་དང་འདྲ། ཟས་བསོད་པའམ། ཟས་སོས་པ་ཞེས་པ་ལྟ་བུ། ཕྱི་རྒྱལ་བས་fresh ཟེར་བ་དང་གཅིག པཎ་ཆེན་ཤཱཀ་མཆོག་པས་ཀྱང་། བསོད་པ་ཞེས་པ་ཞིག་པའི་མིང་། །ཞེས་བཤད་དོ། །
|